འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་31ཉིན།

༄༅།།ལོ་109ལ་སླེབས་པའི་ཡར་ལངས་ཞིང་བྲན་བསོད་ནམས་སྒྲོལ་མས“འཛམ་གླིང་ཡང་རྩེ”ཡི་ལོ་བརྒྱའི་
འགྱུར་ལྡོག་ལ་བདེན་དཔང་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་31ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
བསོད་ནམས་སྒྲོལ་མའི་ཡང་ཚ་བུ་མོ་བསྟན་འཛིན་འཛོམས་སྐྱིད།(གཡས་ཀྱི་དང་པོ)དང་།  བསྟན་འཛིན་གཡང་ཅན(གཡོན་གྱི་དང་པོ)བསྟན་འཛིན་ཆོས་སྐྱིད་བཅས་ཀྱིས་སྒོ་རའི་ནང་རྒན་རབས་པ་དང་སྐད་ཆ་བཤད་བཞིན་པ།
བསོད་ནམས་སྒྲོལ་མའི་ཡང་ཚ་བུ་མོ་བསྟན་འཛིན་འཛོམས་སྐྱིད།(གཡས་ཀྱི་དང་པོ)དང་།  བསྟན་འཛིན་གཡང་ཅན(གཡོན་གྱི་དང་པོ)བསྟན་འཛིན་ཆོས་སྐྱིད་བཅས་ཀྱིས་སྒོ་རའི་ནང་རྒན་རབས་པ་དང་སྐད་ཆ་བཤད་བཞིན་པ།  
    མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་ཤར་བ། ལོ་109ལ་སླེབས་པའི་ར་མགོ་གྲོང་ཚོའི་གྲོང་མི་བསོད་ནམས་སྒྲོལ་མ་རང་ཁྱིམ་གྱི་སྒོ་རའི་ནང་དུ་བསྡད་འདུག  སྔོན་ཆད་ཆགས་ས་རྟེན་ས་མེད་པའི་བསོད་ནམས་སྒྲོལ་མར་ད་ཆ་བུ་རབས་ཚ་རྒྱུད་མང་པོ་ཡོད། བོད་ལྗོངས་ཀྱི་ལོ་ན་ཆེས་མཐོ་བའི་རྒན་རྒོན་གྱི་གྲས་ཤིག་ཡིན་པའི་ངོས་ནས། བསོད་ནམས་སྒྲོལ་མས་“འཛམ་གླིང་ཡང་རྩེ”ཡི་ལོ་བརྒྱའི་འགྱུར་ལྡོག་ལ་བདེན་དཔང་བྱས་ཡོད། སྐྱེ་བའི་དུས་ནས་ཁོ་མོས་ཞིང་བྲན་གྱི་ཐོབ་ཐང་ཐོག་ནས་དུས་རབས་ཕྱེད་ཀའི་རིང་དཀའ་ཚེགས་དང་སྡུག་བསྔལ་མྱང་ཡོད་། དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་། ཁོ་མོར་རྨི་ལམ་དུ་རྨིས་པ་ལྟར་གྱི་ས་ཞིང་དང་། ཁང་པ། སྒོ་ཕྱུགས་བཅས་ཐོབ་ནས་བཤུ་གཞོག་དང་གཉའ་གནོན་མྱོང་བའི་འཚོ་བ་ལས་བྲལ་བ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། དབང་པོ་སྐྱོན་ཅན་ཡིན་པའི་བུ་མོ་ཚེ་རིང་འཛོམས་པས་ཁྱིམ་མི་ཡོངས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་རེ་སྨོན་གྱི་མཐུད་རྒྱུག་ལེན་ནས་འབད་བརྩོན་ཆེན་པོས་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་པ་རེད།
    ཞིང་བྲན་གྱི་རྗེས་རབས་པ་ཞིག་ཡིན་པའི་ངོས་ནས། བསོད་ནམས་སྒྲོལ་མས་ལོ་15ནས་བཟུང་ཞིང་བྲན་བདག་པོར་ལས་ཀ་བྱེད་པ་དང་། བཤུ་གཞོག་དང་གཉའ་མནོན་གྱི་ཁོར་ཡུག་ཁྲོད། བསོད་ནམས་སྒྲོལ་མས་མི་ལོ་47སྐྱེལ་བ་རེད། ཕ་མ་དང་གཅེན་པོ་ཡང་དུས་ཡུན་རིང་པོའི་དཀའ་ཚེགས་ཆེ་བའི་ལས་ཀ་དང་བཤུ་གཞོག་འོག་སྔ་པོ་ནས་འཇིག་རྟེན་ལས་ཁ་བྲལ་བ་རེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཁོ་མོར་མུའུ་7གྱི་ས་ཞིང་དང་། ཁང་པ་ཁང་མིག་གཉིས། སྒོ་ཕྱུགས་བཅུ་ལྷག་བཅས་ཐོབ་པ་རེད། དེ་ནས་ཡུན་རིང་མ་སོང་བར་ཁོ་མོར་བུ་མོ་ཚེ་རིང་འཛོམས་པ་སྐྱེས་པ་རེད།  
    དུས་རབས་20པའི་ལོ་རབས་80ཡི་དུས་མགོར། བསོད་ནམས་སྒྲོལ་མའི་ཁྱིམ་གྱིས་དང་ཐོག་གྲོང་ཚོའི་ནང་གི་ས་ཞིང་མུའུ་11དང་ཁམ་བུའི་སྡོང་པོ་7འགན་གཙང་ལེན་པ་དང་། དེ་རྗེས། བུ་མོ་ཚེ་རིང་འཛོམས་པས་དགེ་རྒན་བསྟེན་ནས་སྣམ་བུ་འཐག་སྟངས་སློབ་སྦྱོང་བྱས་པ་རེད། ཁོང་ཚོའི་ཁྱིམ་གྱིས་སྔ་ཕྱིར་ལག་འཛིན་འདྲུད་འཐེན་འཁོར་ལོ་དང་། འབྲུ་འཕྱར་འཕྲུལ་འཁོར་སོགས་ཉོས་པ་མ་ཟད། ད་དུང་གྲོང་ཚོའི་ནང་གི་རླངས་འཁོར་ཡོད་པའི་ཁྱིམ་ཚང་ཐོག་མར་གྱུར་ཡོད།
    ཕྱི་དྲོ་ཁང་པ་གསར་པའི་སྒོ་རའི་ནང་དུ། གངས་ལྗོངས་ས་མཐོའི་ལོ་རྒྱུས་འགྱུར་ལྡོག་ལ་བདེན་དཔང་བྱེད་པའི་བསོད་ནམས་སྒྲོལ་མས་ཚ་བོ་དང་ཚ་མོ་ཚོ་དང་མཉམ་དུ་ཇ་བསྲུབས་མ་འཐུང་ཞིང་ངོ་གདོང་ལས་དགའ་བའི་འཇུམ་མདངས་འཕྱུར།  
【1】  【2】  【3】  【4】
བསོད་ནམས་སྒྲོལ་མས་རང་ཉིད་ཀྱི་སྒོ་རའི་ནང་དུ་ངལ་གསོ་བཞིན་ཡོད་པ།
བསོད་ནམས་སྒྲོལ་མས་རང་ཉིད་ཀྱི་སྒོ་རའི་ནང་དུ་ངལ་གསོ་བཞིན་ཡོད་པ།