འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་31ཉིན།

༄༅༎དྲ་ཐོག་ལས་སྟེགས་བརྒྱུད་ཁྲོམ་ར་ཕྱོགས་ཡོངས་ནས་སླར་གསོ་ཐུབ་རྒྱུར་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་31ཉིན། 08:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎དྲ་ཐོག་ལས་སྟེགས་བརྒྱུད་ཁྲོམ་ར་ཕྱོགས་ཡོངས་ནས་སླར་གསོ་ཐུབ་རྒྱུར་རམ་འདེགས་བྱས་པ།
     ཟླ་3ཚེས་29ཉིན་ཝུའུ་ཧན་གྲོང་ཁྱེར་ཧན་ཁའུ་བྱང་རྒྱུད་ཀྱི་རིག་རྩལ་རྩེད་ཆས་གྲོང་དུ་གཙོ་སྐྱོང་བ་པེ་པེས་ཐད་གཏོང་བརྒྱུད་ཡིག་ཆས་འཚོང་བཞིན་ཡོད་པ་དང་། ཟླ་བ་གཉིས་ལྷག་ཙམ་གནས་སྐབས་སྒོ་བརྒྱབ་པ་བརྒྱུད། ཝུའུ་ཧན་གྱི་ཚོང་དོན་ཁྲོམ་ར་ཆེ་གྲས་ཐོག་མ་ཧན་ཁའུ་བྱང་རྒྱུད་ཀྱི་རྒྱལ་སྤྱིའི་ཚོང་ཟོག་ཉོ་ཚོང་ལྟེ་གནས་ཀྱི་ཁྲོམ་ར་30ལྷག་ཙམ་ཕྱོགས་ཡོངས་ནས་སྒོ་ཕྱེ་སྟེ་ཚོང་གཉེར་བྱེད་བཞིན་ཡོད། ཚོང་དུད་ཀྱིས་དྲ་ཐོག་དང་དྲ་ཕྱི་བརྒྱུད་ཕྱོགས་ཡོངས་ནས་ཁྲོམ་ར་སྒོ་ཕྱེ་རྒྱུར་རམ་འདེགས་བྱ་ཆེད། ཧན་ཁའུ་བྱང་རྒྱུད་ཁྲོམ་རས་ཐོན་ལས་ལྔ་བཅུ་ལྷག་ཙམ་གྱི་དྲ་སྦྲེལ་ལས་སྟེགས་དང་། དྲ་ཐོག་ལས་སྟེགས། ཐད་གཏོང་སྒྲིག་གཞི་བཅས་བརྒྱུད་ཁྲོམ་རའི་ཚོང་དུད་ལ་ཞབས་འདེགས་ཞུས་ཡོད། ཁྲོམ་རའི་ནང་གི་གྱོན་གོས་དང་། བཟའ་བཅའ། ལྷམ། ལག་བརྒྱུད་རླངས་འཁོར། རིག་རྩལ་སོགས་ལས་རིགས་ཆེན་པོ་ཁག་གི་ཁྲོམ་ར་གཉེར་སྐྱོང་མཁན་གྱིས་ཐའོ་པའོ་དང་། ཐེང་ཤུན་ཐད་གཏོང་། མོ་ཀུའུ་ཁྲོམ་ར། ཁོའེ་ཧྲོའུ། ཁྱུག་དབྱིངས་སོགས་ཀྱི་ལས་སྟེགས་ཆེན་པོ་ཁག་བརྒྱུད་འཚོང་གི་ཡོད། འདི་ནི་ཟླ་3ཚེས་29ཉིན་ཝུའུ་ཧན་ཧན་ཁའུ་བྱང་རྒྱུད་ཀྱི་སྤུས་རྟགས་གྱོན་གོས་ཚོང་ཁང་ནང་ཚོང་པ་དང་གཙོ་སྐྱོང་བས་ཐད་གཏོང་བརྒྱུད་གྱོན་གོས་འཚོང་བཞིན་པ།