འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་31ཉིན།

༄༅༎སློབ་གསོ་པུས“ཧུའུ་པེའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་ཞིང་ཆེན་གཞན་དག་གི་ཧུའུ་པེ་ནས་ཡིན་པའི་མཐོ་སློབ་
སློབ་ཐོན་སློབ་མར་ཁ་ཕྱོགས་པའི་དྲ་ཐོག་གི་ཆེད་དོན་ལས་མི་བསྡུ་བའི”བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་31ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་སློབ་གསོ་པུས“ཧུའུ་པེའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་ཞིང་ཆེན་གཞན་དག་གི་ཧུའུ་པེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཁ་ཕྱོགས་པའི་དྲ་ཐོག་གི་ཆེད་དོན་ལས་མི་བསྡུ་བའི”བྱེད་སྒོ་ཞིག་སྤེལ་བ་རེད། མིག་སྔར་ཚན་པ་ཁྲི་1.2ཀྱིས་ལས་གནས་ཁྲི་21མཁོ་འདོན་བྱས་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་སློབ་གསོ་པུའུ་མཐོ་སློབ་སློབ་མ་སི་དང་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་སློབ་མའི་ཆ་འཕྲིན་བློ་འདྲི་དང་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་དང་། ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཧུའུ་པེ། ཀོང་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་5ཡི་སློབ་གསོ་ཐིང(སློབ་ཨུད)གིས་མཉམ་དུ་སྒྲུབ་འགན་འཁུར་བ་ཞིག་རེད།
     སློབ་གསོ་པུའུ་ཡིས་ད་ཐེངས་ཀྱི་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་ནི“24365སློབ་གྲྭའི་ལས་མི་བསྡུ་བའི་ཞབས་ཞུའི”བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པ་དང་དུས་མཚུངས་སུ“ལས་ཞུགས་ལས་གཏོད་ཀྱི་སྤྱི་ཕན་ཐད་གཏོང་སློབ་ཚན”དུས་ཐེངས་ལྔ་འདོན་རྒྱུ་ཡིན་པས་ཧུའུ་པེའི་མཐོ་སློབ་དང་དེ་བཞིན་ཞིང་ཆེན་གཞན་དག་གི་ཧུའུ་པེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དེའི་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་ཡི་ཡིན་ཞེས་བསྟན་པ་རེད།