འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་30ཉིན།

༄༅།།པར་རིས་10ཡི་ཐོག་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་61འཁོར་བར་ཤེས་
ཚོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་30ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
1959ལོར་བསམ་བསྟན་ལ་ཞིང་ཐོབ་པ།
1959ལོར་བསམ་བསྟན་ལ་ཞིང་ཐོབ་པ། 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན། ལོ་61གོང་གི་ཟླ་3ཚེས་28ཉིན། ཞིང་བྲན་བཅིངས་འགྲོལ་གཏོང་རྒྱུ་དམིགས་ཡུལ་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་ལས་འགུལ་གངས་ལྗོངས་ས་མཐོར་ཁྱོན་ཡོངས་ནས་སྤེལ་ཡོད་པ་རེད། རླུང་འཚུབ་དྲག་ཆར་ལྟར་གྱི་དམངས་གཙོའི་བཅོས་སྒྱུར་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་གཏོར་བཏང་བ་དང་། ཞིང་བྲན་དང་བྲན་གཡོག་གིས་ཞིང་བྲན་བདག་པོར་མི་ལུས་བྲན་གཡོག་རྒྱུག་པའི་འབྲེལ་བ་བཅད་ནས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ། ཐེངས་དང་པོར་རང་ཉིད་ཀྱི་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ཡོད་པར་འགྱུར་བ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་བ་རེད།
    དུས་ཐུང་ལོ་བཅུ་ཕྲག་ནང་། ལོ་ངོ་སྟོང་གི་འགྱུར་ལྡོག་བྱུང་། ལོ་61ཚུན། ཀྲུང་དབྱང་་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཡར་རྒྱས་བརྩོན་ལེན་དང་། སྙིང་རུས་ཆེན་པོས་འབད་བརྩོན། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། དབུལ་ཕོངས་རྗེས་ལུས་ཀྱི་བོད་ལྗོངས་རྙིང་པ་དེ་དཔལ་འབྱོར་རིག་གནས་དར་ཞིང་རྒྱས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ཡར་ཐོན་ཡིན་པ། སྐྱེས་ཁམས་ཁོར་ཡུག་བཟང་བ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་བསྐྲུན་ཡོད་པ་རེད།
【1】  【2】  【3】  【4】
2018ལོའི་ལོ་མཇུག་ལ། རུ་ཐོག་རྫོང་བདེ་མཆོག་གྲོང་ཚོའི་ཉི་སྐྱིད་ལྷ་མོའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པ།
2018ལོའི་ལོ་མཇུག་ལ། རུ་ཐོག་རྫོང་བདེ་མཆོག་གྲོང་ཚོའི་ཉི་སྐྱིད་ལྷ་མོའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པ།