འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་30ཉིན།

༄༅༎གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་30ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཐུགས་རྗེ་ཆེ།
ཐུགས་རྗེ་ཆེ།
     ཟླ་3ཚེས་27ཉིན་གྱི་དགོང་མོར། ཧྥ་རན་སེ་ཕ་རི་སིའི་ཨའེ་ཧྥེར་ལྕགས་ཀྱི་མཆོད་རྟེན་ལ་ཧྥ་ཡིག་ལམ་གྱི་“ཐུགས་རྗེ་ཆེ”བྲིས་པའི་གློག་སྒྲོན་བཀར་བ། 
ཚེས་27ཉིན་གྱི་དགོང་མོར། ཨའེ་ཧྥེར་ལྕགས་ཀྱི་མཆོད་རྟེན་དུ་ཧྥ་ཡིག་ལམ་ནས་“ཐུགས་རྗེ་ཆེ”དང“ཁྱིམ་དུ་སྡོད་དང་།”ཞེས་བྲིས་པའི་གློག་སྒྲོག་བཀར་ཏེ་རིམས་ནད་ཐོན་རིང་དཀའ་སྤྱད་ལས་སྒྲུབ་བྱེད་མཁན་སྨན་དོན་མི་སྣ་དང་། ཉེན་རྟོག་པ། དམག་དོན་ཉེན་རྟོག་པ། མེ་ཟོན་པ། གྲོང་ཁྱེར་སྲིད་འཛིན་མི་སྣ། སྒོ་རྩིས་ཚོང་ཁང་གི་དངུལ་བསྡུ་མཁན། ཕྱི་སྐྱེལ་ཞབས་ཞུ་བ། སྦྲག་སྐྱེལ་བ། དམག་མི། དང་བླངས་པ་སོགས་ལ་གུས་འདུད་ཞུ་བ་དང་ཆབས་ཅིག  མང་ཚོགས་རྣམས་མུ་མཐུད་ཁྱིམ་དུ་སྡོད་དགོས་པའི་འབོད་སྐུལ་བཏང་བ་རེད།
     ཚེས་27ཉིན་ཧྥ་རན་སེའི་ཙུང་ལི་ཧྥེ་ལི་ཕུའུ་ཡིས་རྒྱལ་ཡོངས་ཀྱི་དུས་ཡུན་ཉིན་15ཡིན་པའི“བཀག་སྡོམ་བཀའ་རྒྱ”གཟའ་འཁོར་གཉིས་ཀྱིས་ཇེ་རིང་དུ་བཏང་ནས་ཉིན་བཞིན་ཚབས་ཆེ་རུ་འགྲོ་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་བཀག་འགོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 
【1】  【2】  【3】  【4】
ལི་པི་ཡ།
ཟླ་3ཚེས་25ཉིན། ལི་པི་ཡའི་ལི་པོ་ལིར་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་དྲག་ཆས་མི་སྣས་དམག་འཐབ་ཁྲོད་ཁ་རས་བརྒྱབ་ཡོད་པ། 
ཚེས་24ཉིན་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཕྲོད་བསྟེན་པུའུ་ཡིས་རྒྱལ་ཁབ་དེར་ཉིན་དེར་ཏོག་གསར་གློ་ཚད་ཀྱི་ནད་དཔེ་ཐོག་མའི་ནད་གཞི་གཏན་འཁེལ་བྱས་པའི་ཁྱབ་བསྒྲགས་བྱས་པ་རེད། 2011ལོར་ཁ་ཀྲ་ཧྥེའི་སྲིད་དབང་མགོ་རྟིང་བསློགས་རྗེས་ལི་པི་ཡ་ཟང་ཟིང་གི་གནས་སུ་གྱར་ཡོད།