འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་30ཉིན།

༄༅༎ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཕ་ཁི་སི་ཐན་དུ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་30ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་3ཚེས་28ཉིན་ཕ་ཁི་སི་ཐན་གྱི་དབྱི་སི་ལམ་པོ་རྒྱལ་སྤྱིའི་གནམ་ཐང་དུ་ཀྲུང་གོ་སྲིད་གཞུང་གིས་ཕ་ཁི་སི་ཐན་དུ་རིམས་ནད་འགོག་རྒོལ་བྱེད་པར་མངགས་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མིས་ཕ་ཁི་སི་ཐན་ཕྱོགས་ཀྱི་དཔོན་རིགས་དང་ལས་དོན་མི་སྣ་དང་མཉམ་དུ་པར་རྒྱག་བཞིན་པ།
ཟླ་3ཚེས་28ཉིན་ཕ་ཁི་སི་ཐན་གྱི་དབྱི་སི་ལམ་པོ་རྒྱལ་སྤྱིའི་གནམ་ཐང་དུ་ཀྲུང་གོ་སྲིད་གཞུང་གིས་ཕ་ཁི་སི་ཐན་དུ་རིམས་ནད་འགོག་རྒོལ་བྱེད་པར་མངགས་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མིས་ཕ་ཁི་སི་ཐན་ཕྱོགས་ཀྱི་དཔོན་རིགས་དང་ལས་དོན་མི་སྣ་དང་མཉམ་དུ་པར་རྒྱག་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་སྲིད་གཞུང་གིས་ཕ་ཁི་སི་ཐན་དུ་རིམས་ནད་འགོག་རྒོལ་བྱེད་པར་མངགས་པའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཚེས་28ཉིན་ཕ་ཁི་སི་ཐན་དུ་འབྱོར་ནས་ཕ་ཁི་སི་ཐན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ནད་པར་སྨན་བཅོས། ཚོད་ལྟ་ཁང་བཅས་ཀྱི་ལས་དོན་ལ་བློ་འདྲི་མཁོ་འདོན་བྱ་རྒྱུ་དང་འབྲེལ་ཕ་ཁི་སི་ཐན་གྱི་སྨན་དོན་མི་སྣ་དང་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་མི་སྣར་གསོ་སྦྱོང་དང་མཛུབ་ཁྲིད་བྱ་རྒྱུ་རེད།
     ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལེ་ཤིས་ཀྱིས་དབྱི་སི་ལམ་པོ་རྒྱལ་སྤྱིའི་གནམ་ཐང་དུ་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་བསུ་བ་ཞུས་པ་དང་ཁོང་ཚོས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁུའུ་ལེ་ཤིས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཉམས་མྱོང་ཁྲོད་ནས་མང་པོ་ཤེས་བྱུང་ལ། ཀྲུང་གོས་ཀྱང་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཕ་ཁི་སི་ཐན་དང་མཉམ་དུ་ལངས་ཡོད་ཅེས་བརྗོད་པ་རེད།
     རིགས་གཅིག་མཁས་ཅན་ཚོགས་ཆུང་གི་རུ་སྣེ་འཁྲིད་མཁན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མཱ་མིང་ཧུའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་རིགས་གཅིག་མཁས་ཅན་ཚོགས་ཆུང་ཕ་ཁི་སི་ཐན་དུ་བསྐྱོད་པའི་གཙོ་བོའི་ལས་དོན་ནི་ཕ་ཁི་སི་ཐན་ཕྱོགས་དང་ཀྲུང་གོའི་རིམས་འགོག་ཉམས་མྱོང་སྤེལ་རེས་བྱ་རྒྱུ་སོགས་ཡིན་ཞེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། རིགས་གཅིག་མཁས་ཅན་ཚོགས་ཆུང་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བཙུགས་པ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་འདེམས་གཏོང་བྱས་ལ། ཁྱོན་མི་8ཡོད། དེ་དག་ནི་རང་སྐྱོང་ལྗོངས་ནད་ཡམས་ཚོད་འཛིན་ལྟེ་གནས་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་། ཤིན་ཅང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ། རང་སྐྱོང་ལྗོངས་ཀྲུང་ལུགས་གསོ་རིག་སྨན་ཁང་བཅས་ནས་ཡིན་པ་དང་། ཆེད་ལས་ཀྱི་ཁྱབ་ཁོངས་དབུགས་གཏོང་ལེན་དང་། ནད་གཞི་ལྕི་བ། ནད་སྐྱོང་། ཞིབ་བཤེར། ཀྲུང་ལུགས་གསོ་རིག་སོགས་ཚུད་ཡོད་པ་རེད།
ཟླ་3ཚེས་28ཉིན་ཕ་ཁི་སི་ཐན་གྱི་དབྱི་སི་ལམ་པོ་རྒྱལ་སྤྱིའི་གནམ་ཐང་དུ་ལས་དོན་མི་སྣས་ཀྲུང་གོས་ཞལ་འདེབས་བརྒྱབ་པའི་སྨན་བཅོས་རོགས་སྐྱོབ་དངོས་ཟོག་འབེབས་བཞིན་པ།
ཟླ་3ཚེས་28ཉིན་ཕ་ཁི་སི་ཐན་གྱི་དབྱི་སི་ལམ་པོ་རྒྱལ་སྤྱིའི་གནམ་ཐང་དུ་ལས་དོན་མི་སྣས་ཀྲུང་གོས་ཞལ་འདེབས་བརྒྱབ་པའི་སྨན་བཅོས་རོགས་སྐྱོབ་དངོས་ཟོག་འབེབས་བཞིན་པ།