འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་30ཉིན།

༄༅༎རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི་7901ལྷག་ཙམ་གྱིས་ཞལ་འདེབས་ཧུར་ཐག་ཕུལ་ནས་རིམས་ནད་
སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་30ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུ་ཆེད་ཉིན་ཤས་བསྟུད་མར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་མུ་མཐུད་ཞལ་འདེབས་ཧུར་ཐག་ཕུལ་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད། བསྡོམས་རྩིས་ལ་གཞིགས་ན། ཟླ་3ཚེས་26ཉིན་བར་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི་7901ལྷག་ཙམ་གྱིས་རང་འགུལ་ངང་ཞལ་འདེབས་སྒོར་དུང་ཕྱུར་82.6བརྒྱབ་པ་དང་ཞལ་འདེབས་འབུལ་བའི་བྱེད་སྒོ་མུ་མཐུད་སྤེལ་བཞིན་ཡོད་པ་རེད།