འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་30ཉིན།

༄༅༎ཝུའུ་ཧན་གྱི་འཁོར་ལམ་འགྲིམ་འགྲུལ་ཁ་ཤས་གཉེར་སྐྱོང་སླར་གསོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་30ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་3ཚེས་28ཉིན། ཝུའུ་ཧན་འཁོར་ལམ་འགྲིམ་འགྲུལ་གྱི་ལམ་ཐིག་ཁ་ཤས་གཉེར་སྐྱོང་སླར་གསོ་བྱས་པ་དང་། འགྲུལ་པས་འཁོར་ལམ་འགྲིམ་འགྲུལ་ནང་ཞུགས་སྐབས་རྩ་གཉིས་ཨང་རྟགས་བཤེར་ནས་མིང་ངོ་མའི་ཐོག་ནས་ཐོ་འགོད་དགོས་པ་དང་བབས་ཚུགས་སུ་ཚ་བ་འཇལ་དགོས་པ་མ་ཟད། ལམ་ཐག་ཧྲིལ་པོར་ཁ་རས་རྒྱག་དགོས་ཀྱི་ཡོད། གཉེར་སྐྱོང་སླར་གསོ་བྱས་རྗེས་མེ་འཁོར་ཚང་མར“བདེ་འཇགས་མི་སྣ”བཀོད་སྒྲིག་བྱས་ཏེ་འཁོར་སྒྲོམ་ནང་འགྲུལ་པར་ཞབས་འདེགས་ཞུ་རྒྱུ་རེད།