འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་30ཉིན།

༄༅༎ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཝུའུ་ཧན)ཟླ་3ཚེས་28ཉིན་རྒྱུན་གཏན་ལྟར་སླར་ཡང་གཏོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་30ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་3ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཝུའུ་ཧན)ཨང་རྟགས་X8015/6ལ་དོས་སྒམ་50བླུགས་ནས་ཀྲུང་གོ་ལྕགས་ལམ་འབྲེལ་ཚོགས་ཝུའུ་ཧན་ལྟེ་བའི་བབས་ཚུགས་ནས་ཐོན་ཡོད། དུས་གཏན་མེ་འཁོར་དེ་ཨཱ་ལ་ཧྲན་ཁའུ་མངའ་ཁོངས་ནས་སྒྲོལ་ཏེ་སྔོན་དཔག་བྱས་ན་ཉིན་15ཡི་རྗེས་སུ་འཇར་མན་གྱི་གྲོང་ཁྱེར་ཏུའུ་དབྱི་སི་པའོ་རུ་འབྱོར་གྱི་ཡོད་པ་དང་། དེ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ཚུན་ཝུའུ་ཧན་ནས་བཏང་བའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་དང་པོ་དེ་ཡིན་པ་དང་། དེས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཝུའུ་ཧན)རྒྱུན་གཏན་ལྟར་སླར་ཡང་གཏོང་འགོ་ཚུགས་པ་མཚོན་ཡོད།