མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་
དབུ་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་28ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་3ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《ལག་གདང་སྦྲེལ་ནས་རིམས་ནད་འགོག དུས་སྐབས་དཀའ་ངལ་མཉམ་དུ་སེལ》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་3ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《ལག་གདང་སྦྲེལ་ནས་རིམས་ནད་འགོག དུས་སྐབས་དཀའ་ངལ་མཉམ་དུ་སེལ》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ།

     ■ འགོ་ཁྱབ་རང་བཞིན་གྱི་ནད་ཡམས་ཚབས་ཆེན་ནི་མིའི་རིགས་ཀྱི་དགྲ་བོ་ཡིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་གོ་ལ་ཧྲིལ་པོར་ཁྱབ་བཞིན་ཡོད་པ་དེས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འཇིགས་སྐུལ་ཆེན་པོ་བཟོས་པ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལའང་འགྲན་སློང་ཆེན་པོ་བཟོས་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་གྲོས་གཞིར་དམིགས་ནས་གྲོས་འགོ་ཁག་བཞི་བཏོན་པ་སྟེ།
     གཅིག་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གོ་ལ་ཧྲིལ་པོའི་འགོག་རྒོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། གཉིས་ནས་རྒྱལ་སྤྱིའི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་དགོས། གསུམ་ནས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས། བཞི་ནས་རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས།
     ■ འགག་རྩའི་དུས་འདིར་ང་ཚོས་འགྲན་སློང་ལ་ཐད་ཀར་ཁ་གཏད་གཅོག་པ་དང་འཕྲལ་དུ་བྱ་སྤྱོད་སྤེལ་དགོས། ང་ཚོས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ཚེ། རིམས་ནད་ལས་རྦད་དེ་རྣམ་པར་རྒྱལ་ཏེ་མིའི་རིགས་འཕེལ་རྒྱས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《ལག་གདང་སྦྲེལ་ནས་རིམས་ནད་འགོག དུས་སྐབས་དཀའ་ངལ་མཉམ་དུ་སེལ》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་མདུན་དུ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་ལ་མི་སྐྲག་པར་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། དམངས་ཡོངས་སྐུལ་སློང་དང་། མཉམ་དུ་སྔོན་འགོག་དང་ཚོད་འཛིན། ཡོངས་བསྒྲགས་ཁ་གསལ་བཅས་མཐའ་འཁྱོངས་བྱས་ཏེ་རིམས་ནད་འགོག་རྒོལ་གྱི་མི་དམངས་དམག་འཁྲུག་ཅིག་རྒྱག་འགོ་ཚུགས་ཡོད། ང་ཚོས་དཀའ་སྤྱད་འབད་བརྩོན་དང་བློས་གཏོང་ཆེན་པོ་བྱས་པ་བརྒྱུད་མིག་སྔར་ཀྲུང་གོའི་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བཞིན་ཡོད། འོན་ཀྱང་ང་ཚོས་སྔར་བཞིན་ལྷོད་གཡེང་སྤུ་ཙམ་ཡང་གཏོང་རྒྱུ་མེད། མིག་སྔར་རིམས་ནད་གོ་ལ་ཧྲིལ་པོར་ཁྱབ་བཞིན་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ནི་གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། མཐུན་སྒྲིལ་ཁ་གཏད་བཅས་བྱ་རྒྱུ་དེ་ཡིན་པས་ང་ཚོས་ལག་གདང་སྦྲེལ་ནས་མིའི་རིགས་དང་འགོ་ཁྱབ་རང་བཞིན་གྱི་ནད་ཡམས་ཚབས་ཆེན་དབར་གྱི་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་ནས་རྒྱལ་ཁབ་གཞན་དག་ལ་རང་ནུས་ལྕོགས་ཚོད་ཀྱི་རོགས་སྐྱོར་བྱེད་འདོད་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་དང་བརྟན་ལྷིང་ལའང་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ལྷན་དུ་ཚོགས་འདུར་ཞུགས་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་དཀའ་ཚེགས་ཆེ་བའི་དུས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་མང་པོས་ཀྲུང་གོ་ཕྱོགས་ལ་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱས་བྱུང་། ང་ཚོས་མཛའ་མཐུན་དེ་ནམ་ཡང་བློ་ལ་ངེས་རྒྱུ་མ་ཟད་དེར་བརྩི་མཐོང་ཡང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། འགོ་ཁྱབ་རང་བཞིན་གྱི་ནད་ཡམས་ཚབས་ཆེན་ནི་མིའི་རིགས་ཡོངས་ཀྱི་དགྲ་བོ་ཡིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་གོ་ལ་ཧྲིལ་པོར་ཁྱབ་བཞིན་ཡོད་པ་དེས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འཇིགས་སྐུལ་ཆེན་པོ་བཟོས་པ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལའང་འགྲན་སློང་ཆེན་པོ་བཟོས་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་གྲོས་གཞིར་དམིགས་ནས་གྲོས་འགོ་ཁག་བཞི་བཏོན་པ་སྟེ།
     གཅིག་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གོ་ལ་ཧྲིལ་པོའི་འགོག་རྒོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འཕྲོད་བསྟེན་པུའུ་ཀྲང་གི་ཚོགས་འདུ་གང་མགྱོགས་འཚོགས་ཏེ་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་བཟོ། རིམས་འགོག་མཉམ་ལས་བཅས་བྱས་ནས་རིམས་ནད་རྒྱལ་མཚམས་བསྒྲལ་ནས་ཁྱབ་རྒྱུ་གཏན་འགོག་ནུས་ལྡན་བྱེད་པ་དང་ལག་གདང་སྦྲེལ་ནས་སྤྱི་པའི་འཕྲོད་བསྟེན་མ་ལག་ཉམས་ཞན་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་རོགས་བྱེད་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་རིམས་འགོག་རོགས་སྐྱོར་གྱི་གྲོས་འགོ་བཏོན་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག་ཆ་འཕྲིན་སྤྲོད་རེས་དང་། སྲིད་ཇུས་མཐུན་སྦྱོར། བྱ་སྤྱོད་གཞོགས་འདེགས་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་ནས་རྒྱལ་ཁབ་ཁག་དང་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་གོ་ཆོད་བྱ་ཐབས་ལོངས་སྤྱོད་བྱེད་འདོད་ཡོད་ལ། སྨན་རྫས་དང་རིམས་འགོག་སྨན་ཁབ་མཉམ་འབྲེལ་ཞིབ་བཟོ་བྱེད་པ་མ་ཟད། རིམས་ནད་མཆེད་པའི་རྒྱལ་ཁབ་ལ་རང་ནུས་ལྕོགས་ཚོད་ཀྱི་རོགས་སྐྱོར་བྱེད་འདོད་ཀྱང་ཡོད།
     གཉིས་ནས་རྒྱལ་སྤྱིའི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་ཐོག་ཤེས་བྱའི་ལྟེ་གནས་བཙུགས་ཏེ་རྒྱལ་ཁབ་ཚང་མར་སྒོ་མོ་ཕྱེ་ཡོད། རྒྱལ་ཁབ་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཐུན་མོང་ཐོག་མཉམ་ལས་བྱས་ཏེ་སྨན་རྫས་དང་། རིམས་འགོག་སྨན་ཁབ། བརྟག་དཔྱད་སོགས་ཐད་ཀྱི་ཚན་ཞིབ་འགག་སྒྲོལ་མགྱོགས་མྱུར་བྱེད་དགོས་ལ་ས་ཁོངས་ཀྱི་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་འབྲེལ་མཐུད་ལམ་སྲོལ་འཛུགས་རྒྱུར་ཞིབ་དཔྱད་ཀྱང་བྱེད་དགོས།
     གསུམ་ནས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་བཏོན་ནས་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་བཟོ་རྒྱུར་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ངས་རྒྱལ་ཁབ་ཉི་ཤུ་ཚོགས་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་དང་། གོ་རིམ་ལྡན་པ། ནུས་ཆེ་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་ཁྱབ་གདལ་གཏོང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འབྲེལ་གཏུགས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་རིམ་པ་མཐོ་བའི་ཚོགས་འདུ་དུས་ཚོད་འོས་འཚམ་ཐོག་འཚོག་དགོས།
     བཞི་ནས་རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཁག་གིས་མཉམ་ལས་བྱས་ཏེ་སྤྱི་ཁོག་སྲིད་ཇུས་ཀྱི་ཉེན་གཡོལ་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་དཔལ་འབྱོར་ཉམས་རྒུད་དུ་མི་འགྲོ་བ་བྱེད་དགོས། ནུས་ཆེ་དང་ནུས་ལྡན་གྱི་ནོར་སྲིད་དང་དངུལ་ལོར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་གོ་ལ་ཧྲིལ་པོའི་དངུལ་རྩའི་ཁྲོམ་ར་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་ཁྲོམ་རར་སྨན་རྒྱུ་དང་། འཚོ་བའི་མཁོ་ཆས། རིམས་འགོག་དངོས་ཟོག་སོགས་ཀྱི་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཉམས་ཞན་ཚོགས་སྤྱིར་སྲུང་སྐྱོང་བྱས་ཏེ་མི་དམངས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས། ཀྲུང་གོས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་ལྷིང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་འཇུག་འཐུས་ལྷུག་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ནང་འདྲེན་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། ཕྱི་ཕྱོགས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཛམ་གླིང་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་བཅས་སོ།
     ཞི་ཅིན་ཕིང་གིས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་ཐུན་མོང་གི་བྱ་སྤྱོད་སྤེལ་ནས་སྒོ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། འགོག་རྐྱེན་མེད་པ་བཟོ་བ། ཚོང་དོན་ཤར་གཏོང་ཐུབ་པ་བཅས་བྱས་ནས་བརྡ་རྟགས་ནུས་ལྡན་བཏང་སྟེ་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བའི་ངར་ཤུགས་འཕེལ་བར་བྱེད་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་བྱ་སྤྱོད་འཆར་གཞི་བཟོ་བ་དང་འབྲེལ་རིམས་འགོག་གི་སྤྱི་ཁོག་སྲིད་ཇུས་དུས་ཐོག་ཏུ་མཐུན་སྦྱོར་ཡོང་བར་དགོས་ངེས་ཀྱི་ལམ་སྲོལ་རང་བཞིན་གྱི་འབྲེལ་མཐུད་དང་བཀོད་སྒྲིག་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
     མཇུག་ཏུ་ཞི་ཅིན་ཕིང་གིས། འགག་རྩའི་དུས་འདིར་ང་ཚོས་འགྲན་སློང་ལ་ཐད་ཀར་ཁ་གཏད་གཅོག་པ་དང་འཕྲལ་དུ་བྱ་སྤྱོད་སྤེལ་དགོས། ང་ཚོས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ཚེ། རིམས་ནད་ལས་རྦད་དེ་རྣམ་པར་རྒྱལ་ཏེ་མིའི་རིགས་འཕེལ་རྒྱས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་ནན་བཤད་གནང་བ་རེད།
     དབུ་ཚོགས་ཐོག《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ཀྱི་གསལ་བསྒྲགས》སྤེལ་བ་རེད།

ཟླ་3ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《ལག་གདང་སྦྲེལ་ནས་རིམས་ནད་འགོག དུས་སྐབས་དཀའ་ངལ་མཉམ་དུ་སེལ》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ།
ཟླ་3ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《ལག་གདང་སྦྲེལ་ནས་རིམས་ནད་འགོག དུས་སྐབས་དཀའ་ངལ་མཉམ་དུ་སེལ》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ།

  
style="display:none;"