འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་29ཉིན།

༄༅༎བོད་ལྗོངས་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོའི་བཀྲ་ཤིས་དབང་རྒྱལ་གྱི་བོད་བཟོའི་ཁང་པའི་
སྒོ་ར་ལས་ཕ་ཚ་བུ་རྒྱུད་ཀྱི་འཚོ་བའི་འཕོ་འགྱུར་གྱི་དཔང་པོ་བྱས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་28ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཉེ་ཆར་བྲག་ཡིབ་ཆུས་སྨན་རི་ཤང་ཆུ་གཉིས་གུང་དཀར་གྲོང་ཚོའི་སྐར་མ་དོན་གྲུབ་དང་བུ་བསྟན་འཛིན་དབང་གྲགས་ཀྱིས་རྒྱལ་དར་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་ཉེ་ཆར་བྲག་ཡིབ་ཆུས་སྨན་རི་ཤང་ཆུ་གཉིས་གུང་དཀར་གྲོང་ཚོའི་སྐར་མ་དོན་གྲུབ་དང་བུ་བསྟན་འཛིན་དབང་གྲགས་ཀྱིས་རྒྱལ་དར་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།
     འདི་ལོ་ལོ་89ལ་སླེབས་པའི་བཀྲ་ཤིས་དབང་རྒྱལ་ནི་བོད་ལྗོངས་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོ་ནས་ཡིན་པ་དང་། ཁོང་གི་སྒོ་རའི་ནང་བོད་བཟོའི་ཐོག་ཁང་གཉིས་ཡོད་ཅིང་། ས་རྡོ་ལས་གྲུབ་པའི་ཐོག་ཁང་གོག་ཧྲུལ་དེར་ལོ་ངོ་40ཙམ་གྱི་ལོ་རྒྱུས་ལྡན་པ་དང་། ས་ཕག་ལས་གྲུབ་པའི་ཁང་པ་གསར་པ་དེ་2007ལོར་བསྐྲུན་པ་དང་2018ལོར་བསྐྱར་སྐྲུན་བྱས་པ་རེད།
     ལོ་8ལ་སླེབས་སྐབས། བཀྲ་ཤིས་དབང་རྒྱལ་གྱིས་སྐུ་དྲག་གི་ཁྱིམ་དུ་ལས་ཀ་བྱེད་འགོ་བཙུགས་ཏེ་ཞིང་བྲན་བདག་པོའི་ནོར་ལུག་འཚོ་རོགས་བྱེད་ཀྱི་ཡོད། “ཟ་རྒྱུ་ནི་སྦྱིན་བདག་གིས་སྦྱིན་པའི་རྩམ་པ་དང་བག་ལེབ་ཅུང་ཟད་དང་གྱོན་གོས་ནི་མི་གཞན་གྱིས་དབྱུགས་པའི་རས་ཧྲུལ་གྱོན་གྱི་ཡོད”བཀྲ་ཤིས་དབང་རྒྱལ་གྱིས་གསར་འགོད་པར་བོད་རྙིང་པར་ཞིང་བྲན་ལ་རང་བདག་གི་ཁང་པ་ལྟ་ཅི་ལྟོ་གོས་ཀྱི་གནད་དོན་ཀྱང་ཐག་གཅོད་ཐུབ་ཀྱི་མེད“མཚན་མོ་བ་ཚང་ནང་ཉལ་གྱི་ཡོད་པས་སྒོ་དང་སྒེའུ་ཁུང་མེད་སྟབས་ལྷགས་པ་རྒྱག་སྐབས་ཕོར་པའི་ནང་བྱེ་མས་ཁེངས་ཀྱི་ཡོད”ཅེས་བརྗོད།
     1959ལོར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཤིང་། ལོ་28ལ་སླེབས་པའི་བཀྲ་ཤིས་དབང་རྒྱལ་ལ་བ་གླང་3དང་། ར་2 ལུག་3བཅས་བགོ་བཤའ་བརྒྱབ་པ་རེད། བཀྲ་ཤིས་དབང་རྒྱལ་གྱི་བརྗེད་དཀའ་ཤོས་ནི་ཁོང་ལ་གོས་ཐུང་གཅིག་དང་ཁང་པ་རྒྱག་སའི་ས་ཆ་ཐོག་མར་རག་པ་དེ་རེད། “རང་ཉིད་ལ་དབང་བའི་གོས་ཐུང་གྱོན་པ་དང་རང་ཉིད་ལ་དབང་བའི་ཁང་པ་བརྒྱབ་སྟེ། སྔོན་ཆད་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་སྐྱེལ་མཁན་ནས་ད་ཆ་གཞི་ནས་ཡར་ལངས་བདག་པོར་གྱུར་ཡོད”
     “ངའི་ཁྱིམ་གྱི་ངལ་རྩོལ་ནུས་ཤུགས་ཡོད་མཁན་4ལ་ས་ཞིང་མུའུ་8བགོ་བཤའ་བརྒྱབ་བྱུང”བཀྲ་ཤིས་དབང་རྒྱལ་གྱིས་གསར་འགོད་པར་ཡར་ལངས་བྱུང་རྗེས་ནས་དང་། གྲོ ཞོག་ཁོག སྔོ་ཚལ་བཅས་བཏབ་པ་དང་ཉེ་འཁོར་གྱི་ནགས་རར་ཤིང་གཅོད་པའི་ལས་ལ་གཞོལ་ནས། ང་དང་བཟའ་ཟླས་ཕྲུ་གུ་8གསོས་པ་དང་ནང་མི་ཚང་མ་ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོས་པ་ཞིག་བྱུང་། དུས་རབས་གོང་མའི་ལོ་རབས་80པའི་དུས་འགོར། སྨི་ངོས་གྲུ་100ཡོད་པའི་ས་ཕག་གི་ཁང་པ་ཞིག་བརྒྱབ་པ་དེ་ནི་ད་ཆའི་སྒོ་རའི་ནང་གི་ཁང་པ་རྙིང་པ་དེ་རེད་ཅེས་བརྗོད།
     1972ལོར། བཀྲ་ཤིས་དབང་རྒྱལ་གྱི་བུ་ཆུང་བ་སྐལ་བཟང་བཀྲ་ཤིས་སྐྱེས་ཤིང་། སྐལ་བཟང་བཀྲ་ཤིས་ཀྱི་དྲན་གསལ་ལ་ནང་མི་ཚོས་རི་སྟེང་ནས་ཤིང་བཅད་ནས་འཚོ་བ་སྐྱེལ་གྱི་ཡོད། ཡོང་འབབ་མི་ཉུང་བ་ཞིག་ཡོད་ཀྱང་རི་སྟེང་གི་ཤིང་གཅོད་ཚད་ཇེ་ཉུང་དུ་བཏང་བས“སླད་ཕྱིན་ཇི་ལྟར་བྱེད་དགོས་སམ”
     2003ལོར། སྨན་གླིང་གནམ་ཐང་བསྐྲུན་པ་དེས་སྐལ་བཟང་བཀྲ་ཤིས་ལ་གོ་སྐབས་བཟང་པོ་ཞིག་རག སྐབས་དེར་ཨར་སྐྲུན་བྱ་ཡུལ་དུ་རྒྱུ་ཆ་སྐྱེལ་འདྲེན་བྱེད་མཁན་གྱི་བཟོ་པ་ཧ་ཅང་མཁོ་བས་གྲོང་མི་ཁག་གཅིག་གིས་སྐྱེལ་འདྲེན་རུ་ཁག་བཙུགས་ཤིང་། སྐལ་བཟང་བཀྲ་ཤིས་ཀྱིས་གནས་ཚུལ་དེ་ཐོས་སྐབས་འཕྲལ་དུ་སྐྱེལ་འདྲེན་རུ་ཁག་ནང་ཞུགས། སྐལ་བཟང་བཀྲ་ཤིས་ཀྱིས“ཐོག་མར་རྒྱུ་ཆ་འདོན་འཇུག་བྱེད་རོགས་བྱེད་ཀྱི་ཡོད། རྗེས་སུ་ཆེད་མངགས་རླངས་འཁོར་གཏོང་སྟངས་སྦྱངས་ཏེ་ལྗིད་ཐེག་རླངས་འཁོར་ཆུང་གྲས་བཏང་ནས་སྐྱེལ་འདྲེན་ཁ་ལོ་བ་བྱས་པ་ཡིན”ཞེས་བརྗོད་པ་དང་། ཁོང་གིས་གནམ་ཐང་བསྐྲུན་རྗེས་མིག་རྒྱང་གནམ་ཐང་ཉེ་འགྲམ་གྱི་ཟོག་འགྲེམས་ཐོན་ལས་ལ་ཕྱོགས་ཏེ། བམ་གྲོང་གྲོང་ཚོས་མཉམ་དུ་སྐྱེལ་འདྲེན་རུ་ཁག་བཙུགས་ནས་ཉེ་འཁོར་གྱི་ཟོག་འགྲེམས་དང་རྒྱུ་ཆ་སྐྱེལ་འདྲེན་ལ་ཞབས་འདེགས་ཞུས་པ་ཡིན་ཞེས་བརྗོད།
     ལས་ཀ་མང་དུ་ཕྱིན་པས་ཡོང་འབབ་ཀྱང་མང་པོ་འདུག རང་ཉིད་ཀྱི་ལོ་དང་ཁྱད་པར་དེ་ཙམ་མེད་པའི་ཁང་པ་རྙིང་པར་ལྟ་སྐབས་སྐལ་བཟང་བཀྲ་ཤིས་ཀྱིས་ཁང་པ་གསར་པ་རྒྱག་རྒྱུའི་བསམ་བློ་ཞིག་འཁོར། སྐབས་དེ་དུས་ཏག་ཏག་སྲིད་གཞུང་ནས་བདེ་སྡོད་ལས་གྲྭའི་ཁ་གསབ་རོགས་དངུལ་ཡོད་པས་སྐལ་བཟང་བཀྲ་ཤིས་ཀྱིས་རང་ཉིད་ཀྱིས་ལོ་མང་རིང་སྐྱེལ་འདྲེན་ལས་ལ་གཞོལ་བའི་གསོག་དངུལ་རྣམས་བཏོན་ཏེ། སྒོ་རའི་ནང་རྒྱ་ཁྱོན་སྨི་ངོས་གྲུ་500ལྷག་ཙམ་ཡོད་པའི་ཐོག་བརྩེགས་གཉིས་ལྡན་གྱི་བོད་བཟོའི་ཁང་པ་ཞིག་བརྒྱབ། ཐོག་སོ་དང་པོ་ནི་མཛོད་ཁང་ཡིན་པ་དང་། ཐོག་སོ་གཉིས་པ་ནི་རྒྱ་ཆེ་བའི་བོད་བཟོའི་ཚོམས་ཆེན་དང་ཉལ་ཁང་ཡིན་ཞིང་། ཚོམས་ཆེན་གྱི་གྱང་ངོས་སུ་ཕྲུ་གུ་ཚོའི་གཟེངས་བསྟོད་ལག་ཁྱེར་མང་པོ་ཞིག་བཀལ་ཡོད།
     1998ལོར། བགྲེས་སོང་བཀྲ་ཤིས་དབང་རྒྱལ་གྱི་ཚ་བོ་རྡོ་རྗེ་ཕུར་བུ་སྐྱེས་ཤིང་། ད་ཆ། རྡོ་རྗེ་ཕུར་བུ་ཝུའུ་ཤིས་ཚན་རྩལ་ལས་རིགས་སློབ་གླིང་འགྲིམ་བཞིན་ཡོད། རྡོ་རྗེ་ཕུར་བུས་གསར་འགོད་པར“ང་ཚོའི་གྲོང་ཚོ་དང་གནམ་ཐང་ཐག་ཉེ་པོ་ཡོད་པས་གྲོང་ཚོའི་ནང་དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཅང་ཤིན་གླིང་ཕྲན་མགྲོན་ཁང་སྐྲུན་བཞིན་ཡོད། ངས་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་རྩིས་ཡོད”ཅེས་བརྗོད་པ་དང་། ཁོང་གིས་མ་འོངས་པར་གྲོང་ཚོའི་ནང་ཆེད་མངགས་ཀྱི་ས་ཆ་མཁོ་འདོན་བྱས་ནས་སྦེ་ག་འགྲན་པ་དང་རྟ་བཞོན་པ་སོགས་ཀྱི་རྣམ་གྲངས་ནང་འདྲེན་བྱས་ཚེ། ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་ཐུབ་ངེས་རེད་ཅེས་བརྗོད།