འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་29ཉིན།

༄༅༎མཚོ་སྔོན་གྱི་གློག་ཧོ་ནན་དུ་འདྲེན་པའི་ཆེས་མཐོ་གནོན་གྱི་ལས་གྲྭས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་28ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཀྲེན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། གློག་སྐྱེལ་གློག་སྒྱུར་སྒྲིག་ཆས་མང་དུ་བཏང་བས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་148ཙམ་ཟིན་པ་དང་། གློག་ཁུངས་སོགས་འབྲེལ་ཡོད་ཐོན་ལས་ལ་མ་འཇོག་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་པར་ཐད་ཀར་སྐུལ་ཁྲིད་བྱས་པ། ལས་ཞུགས་ལས་གནས་7000ལྷག་ཙམ་མང་དུ་བཏང་བ་ལ་སོགས་ནི་སྐྲུན་བཞིན་པའི་མཚོ་སྔོན-ཧོ་ནན་ཆན་ཕུའུ་±800ཡི་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་སྐྱེལ་ལས་གྲྭའི་གྲུབ་འབྲས་ཡིན་པ་རེད།
     “མཚོ་སྔོན་གྱི་གློག་ཧོ་ནན་དུ་འདྲེན་པའི་ལས་གྲྭ་ནི་རང་རྒྱལ་གྱི་ཆེད་མངགས་ནུས་རྒྱུ་གཙང་མ་ཕྱིར་འདྲེན་ཆེད་བསྐྲུན་པའི་ཆེས་མཐོ་གནོན་གྱི་བགྲོད་ལམ་ཞིག་རེད”ཅེས་རྒྱལ་ཁབ་གློག་དྲ་ཧོ་ནན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཀྲང་མིང་ལེང་གིས་བཤད་པ་དང་། ལས་གྲྭས་ཆན་ཕུའུ་±800ཡི་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་སྐྱེལ་སྤྱད་དེ་ལོར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་400ཟིན་ནས། ཧོ་ནན་ཞིང་ཆེན་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ཀྲུང་ཧྭ་དབུས་རྒྱུད་ས་ཁུལ་གྱི་གློག་ཤུགས་བདེ་འཇགས་དང་བློས་འགེལ་ཆོག་པའི་མཁོ་འདོན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
     རྨང་གཞིའི་འཛུགས་སྐྲུན་གསར་པའི་དོན་ཆེན་ཡིན་པའི་ཆེས་མཐོ་གནོན་ནི་གློག་ཁུངས་དང་། གློག་ལས་སྒྲིག་ཆས། ནུས་སྤྱོད་སྒྲིག་སྦྱོར། མ་བཅོས་རྒྱུ་ཆ་སོགས་ཀྱི་ཐོན་ལས་མང་པོ་དང་འབྲེལ་བ་ཡོད་པ་དང་། དུས་ཡུན་འབྲིང་རིང་གི་དཔལ་འབྱོར་ཕན་འབྲས་མཐོ་བ་དང་། ལས་ཞུགས་བརྟན་པོ་དང་། མ་འཇོག་བརྟན་པོ། དམངས་འཚོར་ཕན་པ་བཅས་ལ་སྐུལ་ཁྲིད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དེའི་ནང་མཚོ་སྔོན་གྱི་གློག་ཧོ་ནན་དུ་འདྲེན་པ་ནི་རྒྱལ་ཁབ་གློག་དྲ་ཀུང་སིས་ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཆིག་སྟོང་ལྷག་ཙམ་བཏང་བའི་ཆེས་མཐོ་གནོན་གྱི་འཛུགས་སྐྲུན་རྣམ་གྲངས་ལས་གྲྭའི་གྲས་ཤིག་རེད།
     2018ལོ་ནས་སྐྲུན་འགོ་ཚུགས་པ་དང་། མཚོ་སྔོན་གྱི་གློག་ཧོ་ནན་དུ་འདྲེན་པའི་ལས་གྲྭ་འདི་ལོའི་ཟླ་6པར་ཐད་རྒྱུག་མ་ལག་གི་གློག་སྙོམས་སྒྲིག་ཚོད་ལྟ་ཐུབ་རེ་ཡོད་པ་དང་། ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་231བཏང་བ་དེ་མཚོ་སྔོན་ནས་འགོ་བཙུགས་པ་དང་། ལམ་བར་ཞིང་ཆེན་བཞི་བརྒྱུད་དེ་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏེན་གྲོང་ཁྱེར་བར་གློག་ལམ་གྱི་རིང་ཚད་སྤྱི་ལེ་1563ཟིན་པ་དང་གློག་འདྲེན་ཤོང་ཚད་ཆན་ཝ་ཁྲི་800ཟིན་རྒྱུ་རེད།