འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅༎ཝུའུ་ཧན་ཕུད་པའི་ས་ཆ་གཞན་དུ་ཧུའུ་པེ་ནས་ཕར་ཚུར་འགྲོ་བའི་བཀག་སྡོམ་མེད་པར་བཟོས་པའི་ཉིན་དང་པོ།

ཨེ་ཀྲོའུ་གྲོང་ཁྱེར་གྱིས་ལས་གནས་སུ་ལོག་པའི་ལས་མིའི་ཆེད་གཏོང་མེ་འཁོར་ཤར་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཝུའུ་ཧན་ཕུད་པའི་ས་ཆ་གཞན་དུ་ཧུའུ་པེ་ནས་ཕར་ཚུར་འགྲོ་བའི་བཀག་སྡོམ་མེད་པར་བཟོས་པའི་ཉིན་དང་པོ།
     ཟླ་3ཚེས་25ཉིན་ནས་བཟུང་། ཧུའུ་པེ་ཞིང་ཆེན་གྱིས་ཝུའུ་ཧན་གྲོང་ཁྱེར་ཕུད་པའི་ས་ཆ་གཞན་ལ་ཧུའུ་པེ་ནས་ཕར་ཚུར་འགྲོ་བའི་བཀག་སྡོམ་མེད་པར་བཟོས་ནས་ཕྱི་ཕྱོགས་དབར་གྱི་འགྲིམ་འགྲུལ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་ཡོད། ཉིན་དེར་ཨེ་ཀྲོའུ་གྲོང་ཁྱེར་གྱིས་ཧུའུ་པེ་ནས་ཕར་ཚུར་འགྲོ་བའི་བཀག་སྡོམ་མེད་པར་བཟོས་རྗེས་ཧྲེན་ཀྲེན་དུ་ལས་གནས་སུ་ལོག་པའི་ལས་འགོ་བསྐྱར་ཚུགས་ཀྱི་མི་སྣ་1300ལྷག་ཙམ་བསྡད་པའི་ཆེད་གཏོང་མེ་འཁོར་ཤར་གཏོང་བྱས་པ་དང་། ཨེ་ཀྲོའུ་ནས་ཞ་མོན་དང་ཁྲེང་ཏུའུ་སོགས་ཀྱི་ས་ཆར་སྐྱོད་པའི་འཁོར་རིགས་ཀྱང་གཏོང་འགོ་ཚུགས་པ་རེད།
     འདི་ནི་ཚེས་25ཉིན། ཨེ་ཀྲོའུ་གྲོང་ཁྱེར་གྱི་ཡུལ་མིས་བབས་ཚུགས་ཀྱི་འཛུལ་སྒོའི་མདུན་དུ་ཕ་ཡུལ་དང་གྱེས་ནས་ལས་གནས་སུ་ལོག་པའི་གཉེན་ཉེར་སྐྱེལ་མ་ཞུ་བཞིན་པ།