འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅༎ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ཅང་ཏུང་ཁུལ་གསར་གྱི་མ་ལམ་མགྱོགས་མྱུར་སྐྲུན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     2020ལོའི་ཟླ་3ཚེས་25ཉིན་ཧའེ་ཁུའོ་གྲོང་ཁྱེར་ཅང་ཏུང་ཁུལ་གསར་པེ་ཅུས་ལམ་ཆེན་སྒྱུར་བཀོད་དང་ཤར་རྒྱུད་ནས་ལམ་བུ་སྣུར་སྲིང་བྱེད་པའི་རྣམ་གྲངས་ནན་གཡོད་ཤིས་ཟམ་དུམ་སྐྲུན་བཞིན་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ནི་ཧའེ་ནན་རང་མོས་ཚོང་དོན་ཁུལ་གྱི་གཙོ་གནད་སྔོན་སྒྲུབ་ས་ཁོངས་ཧའེ་ཁུའོ་ཅང་ཏུང་ཁུལ་གསར་བཙུགས་རྗེས་ཀྱི་གྲོང་ཁྱེར་གྱི་མ་ལམ་དང་པོ་དེ་ཡིན་པ་དང་མ་དངུལ་སྒོར་དུང་ཕྱུར་15.48བཏང་བ་དང་། མིག་སྔའི་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་13.29བཏང་ཟིན་པ་དང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་6པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད། རྣམ་གྲངས་བསྐྲུན་རྗེས་ཧའེ་ཁུའོ་གྲོང་ཁྱེར་ཤར་རྒྱུད་ཀྱི་ཕྱི་ཕྱོགས་གྲོང་ཁུལ་དང་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་སོང་ནས་ཅང་ཏུང་ཁུལ་གསར་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་པ་ཆེན་པོ་ཐོན་རྒྱུ་ཡིན་པ་རེད།