འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅༎ཧུའུ་པེས་ཧུའུ་པེ་དང་ཝུའུ་ཧན་ནས་བྲལ་བའི་བགྲོད་ལམ་དོ་དམ་ཚོད་འཛིན་རིམ་བཞིན་བྱེད་མཚམས་བཞག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཝུའུ་ཧན་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་24ཉིན། ཧུའུ་པེ་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུས་བརྡ་ཁྱབ་ཡོངས་བསྒྲགས་བྱས་ཏེ། ཟླ་3ཚེས་25ཉིན་གྱི་ཐོ་རེངས་ཆུ་ཚོད་12ནས་བཟུང་། ཝུའུ་ཧན་གྲོང་ཁྱེར་ཕུད་པའི་ས་ཆ་ཚང་མར་ཧུའུ་པེ་ནས་བྲལ་བའི་བགྲོད་ལམ་དོ་དམ་ཚོད་འཛིན་བྱེད་མཚམས་བཞག་ནས་ཕྱི་ཕྱོགས་འགྲིམ་འགྲུལ་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་པ་དང་། ཧུའུ་པེ་ནས་བྲལ་མཁན་གྱིས་ཧུའུ་པེའི་བདེ་ཐང་རྩ་གཉིས་ཨང་རྟགས་ཀྱི“ཤར་བགྲོད་ཨང་རྟགས”ལ་བརྟེན་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་བྱེད་ཆོག་གི་ཡོད། བདེ་ཐང་དོ་དམ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཝུའུ་ཧན་གྲོང་ཁྱེར་ཕུད་པའི་ས་ཁུལ་གྱིས་ཧུའུ་པེའི་བདེ་ཐང་རྩ་གཉིས་ཨང་རྟགས་ཀྱི“ཤར་བགྲོད་ཨང་རྟགས”ཡོད་པའི་ཕྱིར་གླ་པ་རྒྱུག་མཁན་མི་སྣར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚད་ལོན་པ་བརྒྱུད། “གནས་གཏུག་གནས་དང་གཅིག་འཐུས་རྣམ་པའི”བྱ་ཐབས་སྤྱད་དེ་གཅིག་སྡུད་གནད་སྨིན་སྐྱེལ་འདྲེན་བྱས་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་གནས་ཐོག་ལོག་ཐུབ་པའི་འགན་ལེན་བྱས་པ་རེད།
     ཟླ་4ཚེས་8ཉིན་གྱི་ཐོ་རེངས་ཆུ་ཚོད་12ནས་བཟུང་། ཝུའུ་ཧན་གྲོང་ཁྱེར་གྱིས་ཝུའུ་ཧན་དང་ཧུའུ་པེ་ནས་བྲལ་བའི་བགྲོད་ལམ་དོ་དམ་ཚོད་འཛིན་བྱེད་ཐབས་མཚམས་འཇོག་བྱས་ནས་ཕྱི་ཕྱོགས་འགྲིམ་འགྲུལ་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་པ་བྱས་ཏེ་ཝུའུ་ཧན་ནས་བྲལ་མཁན་གྱིས་ཧུའུ་པེའི་བདེ་ཐང་རྩ་གཉིས་ཨང་རྟགས་ཀྱི“ཤར་བགྲོད་ཨང་རྟགས”ལ་བརྟེན་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་བྱེད་ཆོག་གི་ཡོད། ཞིང་ཆེན་གཞན་དག་ནས་ཧུའུ་པེ་དང་ཝུའུ་ཧན་དུ་ཡོང་མཁན་གྱིས་ཞིང་ཆེན་གཞན་དག་གི་བདེ་ཐང་རྩ་གཉིས་ཨང་རྟགས་སམ་ཡང་ན་ཧུའུ་པེའི་བདེ་ཐང་རྩ་གཉིས་ཨང་རྟགས་ཀྱི“ཤར་བགྲོད་ཨང་རྟགས”ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་བྱེད་ཆོག་པ་དང་། བདེ་ཐང་ངོ་སྤྲོད་ཡི་གེ(བདེ་ཐང་རྩ་གཉིས་ཨང་རྟགས་དངོས་གནས་ལེན་མི་ཐུབ་པ་ཕུད)དང་། འགྲོ་སྐྱོད་ངོ་སྤྲོད་ཡི་གེ ཡོང་སའི་ས་གནས་ཀྱི་རེ་ཞུ་ཞིབ་མཆན་རེའུ་མིག་གམ་ཡང་ན་རྩིས་ལེན་ངོ་སྤྲོད་ཡི་གེ རླངས་འཁོར་ཤར་བགྲོད་ངོ་སྤྲོད་ཡི་གེ་སོགས་འཁྱེར་དགོས་ཀྱི་མེད། ཞིང་ཆེན་ནས་དོན་མཁན་གྱིས་སྔ་སྣུར་ནས་སྐྱོད་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ཤེས་རྟོགས་བྱེད་པ་དང་ཆབས་ཅིག་དེར་བརྩི་སྲུང་ཞུ་དགོས།