འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅།།བོད་ལྗོངས་ལྷ་སར་དཔུང་སྡེའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ནུས་ཤུགས་ཡོད་རྒུས་སློབ་གྲྭའི་ཕྱི་ནང་གི་
དུག་སེལ་ལས་དོན་ཡག་པོ་བསྒྲུབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ལྷ་སར་དཔུང་སྡེའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ནུས་ཤུགས་ཡོད་རྒུས་སློབ་གྲྭའི་ཕྱི་ནང་གི་
དུག་སེལ་ལས་དོན་ཡག་པོ་བསྒྲུབས་པ།
    ཟླ་3ཚེས་24ཉིན། བོད་དམག་ཁུལ་ཁང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་དཔོན་དམག་གིས་བོད་དམག་ཁུལ་ཁང་ལྷ་ས་བརྒྱད་གཅིག་སློབ་གྲྭར་སྐྱོད་དེ་ཕྱོགས་ཡོངས་ནས་དུག་སེལ་བྱས་པ་རེད། སློབ་འགོ་ཚུགས་ཉེར་ཡོད་པ་དང་བསྟུན་ནས་བོད་དམག་ཁུལ་ཁང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་མི་སྣ་དང་། རླངས་འཁོར། དུག་སེལ་ཡོ་ཆས། སྨན་རྫས་བཅས་སྒྲིག་འཛུགས་བྱས་ཏེ་དཔུང་སྡེའི་སློབ་གྲྭར་སྐྱོད་དེ་སློབ་ཁང་དང་། སློབ་མའི་ཟ་ཁང་། གཞུང་ལས་ཁང་། འཚོ་བའི་ཁུལ་བཅས་ལ་དུག་སེལ་མཐར་ཕྱིན་པ་བྱས་ནས་སློབ་འགོ་ཚུགས་རྗེས་ཀྱི་འཕྲོད་བསྟེན་བདེ་འཇགས་ལ་དུག་སེལ་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། འདི་ནི་བོད་དམག་ཁུལ་ཁང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་དཔོན་དམག་གིས་བོད་དམག་ཁུལ་ཁང་ལྷ་ས་བརྒྱད་གཅིག་སློབ་གྲྭའི་སློབ་ཁང་དུ་ཕྱོགས་ཡོངས་ནས་དུག་སེལ་བྱེད་བཞིན་པ།