འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅།།མཚོ་སྔོན་གྱིས། འདི་ལོ་མི་འབོར་དབུལ་པོའི་ནད་ཆེན་སྐྱོབ་བཅོས་བྱེད་ཚད་100%ཟིན་པ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོ་མཚོ་སྔོན་གྱིས་བདེ་ཐང་དབུལ་སྐྱོར་ལ་མུ་མཐུད་སྐུལ་འདེད་བཏང་ནས་ནད་ཆེན་རིགས་30སྐྱོབ་བཅོས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱིས་གསར་དུ་སྣོན་པའི་ནད་གཞིའི་རིགས་སྐྱོབ་བཅོས་ཡག་པོ་བྱས་ཏེ“བཅོས་དགོས་རིགས་བཅོས་ཐུབ་པ”བྱ་རྒྱུ་དང་། མི་འབོར་དབུལ་པོའི་ནད་ཆེན་སྐྱོབ་བཅོས་བྱེད་ཚད་100%ཟིན་པ་བྱ་རྒྱུ་རེད།
    2019ལོར། མཚོ་སྔོན་ཞིང་ཆེན་གྱིས་བདེ་ཐང་དབུལ་སྐྱོར་ཆ་ཚང་བྱས་པ་མ་ཟད་ལོ་འཁོར་གྱི་ལས་འགན་ཁག་ལེགས་སྒྲུབ་བྱས་ཏེ་གཞི་རྩའི་སྨན་བཅོས་ལ་འགན་ལེན་ཡོད་པའི་གནད་དོན་གྱི་སྟོང་ཆ་བསྐངས་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་བྱས་པའི་མི་འབོར་2016ལོའི་མི་ཁྲི་7.8ནས་2019ལོའི་ལོ་མཇུག་གི་མི་ཁྲི་1.22བར་ཆག་ཡོད་པ་རེད།