འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅།།ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གིས་ཀྲུང་གོ་ནས་སྨན་བཅོས་དངོས་རྫས་ཉོ་བར་
སྟབས་བདེ་བསྐྲུན་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ནང་གི་དགོས་མཁོ་བསྐངས་བ་དང་ཆབས་ཅིག རྒྱལ་ཁབ་ཁག་གིས་ཀྲུང་གོ་ནས་སྨན་བཅོས་དངོས་རྫས་ཉོ་སྒྲུབ་ལ་སྟབས་བདེ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཕྱོགས་ཚོང་དོན་ལ་བཀག་སྡོམ་གྱི་བྱེད་ཐབས་གང་ཡང་མི་སྤྱད་པར་སྔ་བར་ཕྱི་གསུམ་དུ་ཁེ་ལས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་གཏོང་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཡོད་ཅེས་བརྗོད་པ་རེད།
   ཀེང་ཧྲོང་གིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་བསྐྱོན་སྐབས་གོང་གསལ་གྱི་བཀའ་མོལ་དེ་དག་བརྗོད་པ་རེད།
   ཀེང་ཧྲོང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོ་ཕྱོགས་ཀྱིས་སྔ་བར་ཕྱི་གསུམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་དུ་སྲུང་སྐྱོང་བྱེད་པ་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་དང་ཐོན་ལས་འཁོར་སྦྲེལ་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། “མིག་སྔར། ང་ཚོས་རྒྱལ་ནང་གི་དགོས་མཁོ་བསྐངས་བ་དང་ཆབས་ཅིག་རྒྱལ་ཁབ་ཁག་གིས་ཀྲུང་གོ་ནས་སྨན་བཅོས་དངོས་རྫས་ཉོ་སྒྲུབ་ལ་སྟབས་བདེ་བསྐྲུན་ཡོད་ཅེས་བརྗོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཕྱོགས་ཚོང་དོན་ལ་བཀག་སྡོམ་གྱི་བྱེད་ཐབས་གང་ཡང་མི་སྤྱད་པར་སྔ་བར་ཕྱི་གསུམ་དུ་ཁེ་ལས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་གཏོང་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཡོད་ཅེས་བརྗོད་པ་རེད།
    ཀེང་ཧྲོང་གིས་རྒྱལ་ཁབ་ཁག་གིས་ཀྲུང་གོ་ནས་སྨན་བཅོས་དངོས་རྫས་ཉོ་སྒྲུབ་ལ་སྟབས་བདེ་བསྐྲུན་པ་ཕུད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་འགོག་སྲུང་དངོས་ཟོག་མཁོ་འདོན་བྱས་ནས་རྒྱལ་ཁབ་གཞན་གྱི་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱད་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ནས་ཉོས་པའི་སྨན་བཅོས་དངོས་རྫས་གོ་ལ་ཧྲིལ་པོས་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་སྤྱོད་པའི་རེ་བ་བཏོན་རྗེས་ཀྲུང་གོའི་ཁེ་ལས་ཀྱིས་མགྱོགས་མྱུར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དངོས་ཟོག་མཁོ་འདོན་གྱི་གན་རྒྱ་ཐོག་མར་མིང་རྟགས་བཀོད་ཡོད་ཅེས་བརྗོད།
   “ཀྲུང་གོའི་བཟོ་ཚོང་ལས་རིགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་འགོག་དངོས་ཟོག་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་འཕེལ་རྒྱས་བྱུང་བ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་རིམས་ནད་ལ་ཁ་གཏད་གཅོག་ཆེད། མུ་མཐུད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད་ལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འགལ་ཟླ་ཉུང་དུ་གཏོང་བ། ཚོང་དོན་ཤར་བགྲོད་བཅས་བྱེད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཡང་མཐུན་པ་ཞིག་རེད”ཅེས་ཀེང་ཧྲོང་གིས་བརྗོད།