འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅།།སི་ཁྲོན་སློབ་གསོ་ཐིང་གིས་མཐོ་འབྲིང་ལོ་རིམ་གསུམ་པ་ཟླ་4ཚེས་1ཉིན་དང་དམའ་འབྲིང་ལོ་རིམ་གསུམ་
པ་ཟླ་4ཚེས་7ཉིན་སློབ་འགོ་ཚུགས་རྒྱུ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན། སི་ཁྲོན་སློབ་གསོ་ཐིང་གིས་2020ལོའི་དཔྱིད་དུས་སློབ་སྐབས་ཀྱི་སློབ་ཚུགས་ཐད་ཀྱི་འབྲེལ་ཡོད་བྱ་གཞག་གི་བརྡ་ཐོ་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་ལོ་རིམ་གསུམ་པ་(མཐོ་རྒྱུུགས་ལ་མིང་ཐོ་བཀོད་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཁོངས་སུ་གཏོགས)རྩ་དོན་ཐོག་ཞིང་ཆེན་གྱིས་གཅིག་གྱུར་ངང་ཟླ་4ཚེས་1ཉིན་སློབ་འགོ་ཚུགས་རྒྱུ་དང་། ཆ་རྐྱེན་ཡོད་པའི་སློབ་གྲྭས་བཀག་སྡོམ་དོ་དམ་རྣམ་པ་ལག་བསྟར་བྱ་རྒྱུ། དམའ་འབྲིང་ལོ་རིམ་གསུམ་པ་ནི་གྲོང་ཁྱེར་(ཁུལ)གྱིས་གཅིག་གྱུར་ངང་འཆར་གཞི་གཏན་འཁེལ་བྱ་རྒྱུ་དང་། ཟླ་4ཚེས་7ཉིན་སློབ་འགོ་ཚུགས་རྒྱུའི་བཀོད་སྒྲིག་བྱས། 
    སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་2020ལོའི་དཔྱིད་དུས་སློབ་སྐབས་ཀྱི་སློབ་ཚུགས་ཐད་ཀྱི་འབྲེལ་ཡོད་བྱ་གཞག་སྐོར་གྱི་བརྡ་ཐོ།
    གྲོང་ཁྱེར་ཁག(ཁུལ)སློབ་གསོ་སྲིད་འཛིན་སྡེ་ཁག་དང་། མཐོ་རིམ་སློབ་གྲྭ  ཞིང་ཆེན་ཁོངས་གཏོགས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ་ལ།
ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས་མོས་མཐུན་བྱས་པ་བརྒྱུད། ད་ལྟ་ཞིང་ཆེན་ཡོངས་ཀྱི་རིམ་ཁག་རིགས་ཁག་གི་སློབ་གྲྭའི་2020ལོའི་དཔྱིད་དུས་སློབ་སྐབས་ཀྱི་སློབ་ཚུགས་ཐད་ཀྱི་འབྲེལ་ཡོད་བྱ་གཞག་བརྡ་ཐོ་གཤམ་གསལ་ལྟར། 
    གཅིག ས་ཆ་ཁག་གི་སློབ་གྲྭ་ཁག་གིས་དགེ་སློབ་དང་ལས་བྱེད་མི་སྣ་བདེ་འཇགས་ཐག་ཆོད་ཡིན་པ་འགན་ལེན་ཐུབ་པའི་སྔོན་འགྲོའི་འོག  ཁུལ་དབྱེ་རིགས་དབྱེ་དང་། རིམ་བགར་དུས་བགར། དུས་གཡོལ་འཚང་གཡོལ། གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་རྒྱུ་རྩ་འཛུགས་བྱས་ཆོག 
གཉིས། ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་ལོ་རིམ་གསུམ་པ(མཐོ་རྒྱུུགས་ལ་མིང་ཐོ་བཀོད་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཁོངས་སུ་གཏོགས)རྩ་དོན་ཐོག་ཞིང་ཆེན་གྱིས་གཅིག་གྱུར་ངང་ཟླ་4ཚེས་1ཉིན་སློབ་འགོ་ཚུགས་པའི་འཆར་གཞི་འགོད་རྒྱུ་དང་། ཆ་རྐྱེན་ཡོད་པའི་སློབ་གྲྭས་བཀག་སྡོམ་དོ་དམ་རྣམ་པ་ལག་བསྟར་བྱ་རྒྱུ་དང་། དམའ་འབྲིང་ལོ་རིམ་གསུམ་པ་ནི་གྲོང་ཁྱེར་(ཁུལ)གྱིས་གཅིག་གྱུར་ངང་འཆར་གཞི་གཏན་འཁེལ་བྱ་རྒྱུ་དང་། ཟླ་4ཚེས་7ཉིན་སློབ་འགོ་ཚུགས་རྒྱུ་བཀོད་སྒྲིག་བྱས་ཆོག 
   གསུམ། ཁོངས་གཏོགས་ས་ཆའི་དོ་དམ་རྩ་དོན་དང་སློབ་གྲྭའི་དོ་དམ་དབང་ཚད་ལ་གཞིར་བཟུང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ལོ་རིམ་གཞན་དག་དང་བུ་བཅོལ་ཁང་ནི་དེ་ཉིད་གནས་སའི་རྫོང(གྲོང་ཁྱེར་དང་ཆུས)ཏང་ཨུ་དང་སྲིད་གཞུང་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ལོ་རིམ་གཞན་དག་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས་ཀྱིས་ས་གནས་དེ་གའི་གྲོང་ཁྱེར(ཁུལ)ཏང་ཨུ་དང་སྲིད་གཞུང་གིས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་གཞིགས་ནས། ཕྱོགས་བསྡུས་དཔྱད་དཔོག་བྱས་རྗེས་སློབ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་བྱེད་པ་དང་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱེད་དགོས། 
    བཞི། མཐོ་རིམ་སློབ་གྲྭའི་སློབ་འགོ་ཚུགས་པའི་དུས་ཚོད་དེ་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་ལོགས་སུ་གཏན་འཁེལ་བྱ་རྒྱུ་དང་། སློབ་འགོ་དངོས་སུ་མ་ཚུགས་གོང་སློབ་མ་སྔོན་ལ་སློབ་གྲྭར་ལོག་མི་ཆོག སློབ་ཐོན་ལོ་རིམ་དང་། གསོ་རིག་གི་རིགས། ཚན་རིག་ཞིབ་འཇུག་གི་བླང་བྱ་ཡོད་པའི་སློབ་མ་བཅས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར་སྙན་སེང་བཀའ་འཁྲོལ་ཞུས་རྗེས་སྔོན་ལ་སློབ་གྲྭར་ལོག་ནས་སློབ་ཁྲིད་སླར་གསོ་ཡོང་བ་བཀོད་སྒྲིག་བྱས་ཆོག
   ལྔ། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་སློབ་གྲྭ་འབྲིང་ཆུང་ཕྱོགས་ཡོངས་ནས་སློབ་འགོ་བཙུགས་ནས་སློབ་ཁྲིད་སླར་གསོ་མ་བྱས་གོང་དྲ་ཕྱིའི་གསོ་སྦྱོང་བྱེད་སྒོ་སྤེལ་མི་ཆོག
    དྲུག ས་གནས་ཁག་དང་སློབ་གྲྭ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་ནས་སློབ་ཁྲིད་སླར་གསོའི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་བསྒྲུབས་དགོས། སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་མ་འཛོམས་པར་སློབ་འགོ་བཙུགས་མི་ཆོག་པ་དང་། སློབ་མའི་ཁྱིམ་བདག་ལ་ཁ་རས་སོགས་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་གྲ་སྒྲིག་བྱེད་དགོས་པའི་བླང་བྱ་བཙན་ཤེད་ངང་བཏོན་མི་ཆོག
                                                                                                                                                                               སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་།
                                                                                                                                                                          2020ལོའི་ཟླ་3ཚེས་25ཉིན།