འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅།།བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྤྲིན་ཚོམ་སྟེགས་བུ་ནས་རིག་གནས་ཀྱི་
མྱོང་རོལ་གསར་པ་འགྲེམས་སྟོན་བྱས་པ།  

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྤྲིན་ཚོམ་སྟེགས་བུ་ནས་རིག་གནས་ཀྱི་
མྱོང་རོལ་གསར་པ་འགྲེམས་སྟོན་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་སྟོན་ཁང་རྒྱ་ཆེའི་དྲ་གྲོགས་རྣམས་ལ་སྒོ་འབྱེད་པ།  
    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་གི་དམིགས་ཡུལ་ནི། དྲན་གསོ་ཁང་ནང་གི་རིན་ཐང་ཆེ་བའི་ནང་དོན་གྲངས་གཞི་ཅན་དང་། དྲ་རྒྱ་ཅན། ཚོར་སྣང་ཅན་དུ་འགྱུར་བ་དང་། རྟེན་རྫས་བཤམས་མཛོད་ཁང་ནང་ཉར་ཚགས་བྱས་པའི་རིག་དངོས་དང་། ས་གཞིའི་ཐོག་བཤམས་པའི་ཤུལ་བཞག དཔེ་ཆའི་ཐོག་བཀོད་པའི་ཡི་གེ་བཅས་གསོན་ཉམས་དོད་པོས་མངོན་པར་བྱས་ནས། དྲ་གྲོགས་ཚོས་ས་ཁོངས་ལས་བརྒལ་བ་དང་། དུས་ཚོད་ལས་བརྒལ་བ། སྐད་རིགས་ལས་བརྒལ་ནས། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ལོ་རྒྱུས་རིག་གནས་ཚོར་དུ་འཇུག་རྒྱུ་དེ་ཡིན་པ་རེད།  
    1959ལོའི་ཟླ་3ཚེས་28ཉིན། ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་སྲིད་གཞུང་གཏོར་བ་ཁྱབ་བསྒྲགས་བྱས་པ་དང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་འཁུར་ཏེ། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་ནས་ཕྱོགས་གཅིག་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བ་དང་ཕྱོགས་གཅིག་ནས་དམངས་གཙོ་བསྒྱུར་བཅོས་བྱས་པས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་རེད།