འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅༎ཝུན་ཙའེ་དབྱིན་གྱིས་ཐེ་རོན་ཕུས་ཧན་གོར་སྨན་བཅོས་དངོས་ཟོག་རོགས་སྐྱོར་གྱི་རེ་ཞུ་བྱས་བྱུང་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 11:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་3ཚེས་25ཉིན་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན(དཀྱིལ)གྱིས་ཧྲོའར་དུ་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་ཐོན་སྐྱེད་ཁེ་ལས་ཤིག་ལ་འཚམས་འདྲིར་ཕེབས་པ།
ཟླ་3ཚེས་25ཉིན་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན(དཀྱིལ)གྱིས་ཧྲོའར་དུ་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་ཐོན་སྐྱེད་ཁེ་ལས་ཤིག་ལ་འཚམས་འདྲིར་ཕེབས་པ།
     མི་དམངས་དྲ་བའི་འཕྲིན། ཚེས་25ཉིན་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཧན་གོ་ཕྱོགས་ལ་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་སོགས་རིམས་འགོག་དངོས་རྫས་རོགས་སྐྱོར་བྱ་རྒྱུའི་རེ་ཞུ་བྱས་པ་དང་ཧན་གོ་སྲིད་གཞུང་གིས་ཐོན་སྐྱེད་ཁེ་ལས་ཀྱིས་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་ཕྱིར་གཏོང་བྱེད་པར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
     དེ་ཉིན་ཝུན་ཙའེ་དབྱིན་གྱིས་ཧྲོའར་དུ་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཤིག་ལ་འཚམས་འདྲི་བྱས་པ་རེད། ཁོང་གིས་ཉེ་ཆར་ཧན་གོའི་ཁེ་ལས་ཀྱིས་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་ཕྱིར་གཏོང་དང་འབྲེལ་བ་ཡོད་པའི་གྲོས་མོལ་བྱེད་བཞིན་ཡོད་ལ། ཧན་གོ་སྲིད་གཞུང་ལ་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་མཁོ་འདོན་བྱ་རྒྱུའི་རེ་ཞུ་མང་པོ་འབྱོར་ཡོད་ཅེས་བརྗོད་པ་རེད། ཁོང་གིས་ཧན་གོས་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་ཕྱིར་གཏོང་བྱེད་པ་དེས་རྒྱལ་ཁབ་ཁག་གི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་ཐུབ་པ་མ་ཟད། ཧན་གོའི་དཔལ་འབྱོར་འཕེལ་རྒྱས་ལའང་ཕན་པ་ཡོད་ཅེས་བརྗོད་པ་རེད།
     ཚེས་24ཉིན་གྱི་དགོང་མོ་ཝུན་ཙའེ་དབྱིན་གྱིས་གདན་ཞུ་ལྟར་ཐེ་རོན་ཕུ་དང་ཛ་དྲག་གི་ཞལ་པར་བསྐྱོན་ནས་རིམས་ནད་ལ་ཁ་གཏད་གཅོག་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད། ཐེ་རོན་ཕུ་ཡིས་བཏོན་པའི་སྨན་བཅོས་དངོས་ཟོག་གི་རོགས་སྐྱོར་རེ་ཞུར་ལན་རྒྱག་སྐབས་ཝུན་ཙའེ་དབྱིན་གྱིས་ཧན་གོའི་རྒྱལ་ནང་དུ་མཁོ་འདོན་འདང་ངེས་ཡོད་པའི་གནས་ཚུལ་འོག་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
     ཧན་གོའི་ནད་ཡམས་དོ་དམ་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧན་གོའི་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་རིགས་ལྔ་ལ་ཧན་གོའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཐིང་གི་ཛ་དྲག་གི་བེད་སྤྱོད་ཆོག་འཐུས་ཐོབ་ནས་དེས་རྒྱལ་ནང་གི་རིམས་ནད་སྔོན་འགོག་གི་དགོས་མཁོ་སྐོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཕྱི་རྒྱལ་དུ་ཕྱིར་གཏོང་བྱ་རྒྱུ་ཡིན་པ་རེད།
ཟླ་3ཚེས་24ཉིན་ཧན་གོའི་ཧྲོའར་ཆིང་ཝ་ཐའེ་ཙུང་ཐུང་ལས་ཤག་ཏུ་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན(གཡས)གྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་བསྐྱོན་བཞིན་པ།
ཟླ་3ཚེས་24ཉིན་ཧན་གོའི་ཧྲོའར་ཆིང་ཝ་ཐའེ་ཙུང་ཐུང་ལས་ཤག་ཏུ་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན(གཡས)གྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་བསྐྱོན་བཞིན་པ།