འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅༎གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ལས་འཆི་བའི་
ནད་དཔེ་ཁྲི་གཉིས་ལྷག་ཙམ་ཟིན་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 11:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིའི་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་25ཉིན་གྱི་ཆུ་ཚོད་15བར(པེ་ཅིང་གི་དུས་ཚོད་ཚེས་26ཉིན་གྱི་ཆུ་ཚོད་3པ་བར)གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ལས་འཆི་བའི་ནད་དཔེ་20550ཟིན་ཡོད།
     གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་འཆི་བའི་ནད་དཔེ་མང་ཤོས་ཀྱི་རྒྱལ་ཁབ་ནི་དབྱི་ཐ་ལི་ཡིན་པ་དང་ནད་དཔེ་7503ཟིན་ཡོད། ཀྲུང་གོ་ཕུད་འཆི་བའི་མི་གྲངས་སྟོང་ལས་བརྒལ་བའི་རྒྱལ་ཁབ་ད་དུང་སི་ཕེན་དང་། དབྱི་རན། ཧྥ་རན་སེ་བཅས་ཡོད།
     གྲངས་གཞི་དེ་དག་ནི་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་ཏོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་ཀྱིས་དུས་ཐོག་ཏུ་ཕྱོགས་བསྡུས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲངས་གཞི་ལས་གསལ་བ་ཞིག་ཡིན།