མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། ཉེ་ཆར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་གནས་མང་པོར་རིམས་ནད་ཚབས་ཆེན་ཐོན་ཞིང་། དོན་དངོས་ལས་མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་སླར་ཡང་གསལ་པོ་མཚོན་ཡོད། རྒྱལ་ཁབ་ཁག་གིས་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་བརྟེན་ནས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་དང་ལག་གདང་སྦྲེལ་ནས་ཐུན་མོང་གི་འཇིགས་སྣང་དང་འགྲན་སློང་ལ་ཁ་གཏད་བཅག་སྟེ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན། རིམས་ནད་ཐོན་རྗེས། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཨེ་ཅིབ་ཀྱིས་རྒྱབ་སྐྱོར་བྱས་པ་དེ་ཐོག་ནས་ཀྲུང་ཨེའི་དབར་གྱི་སྐྱིད་སྡུག་མཉམ་མྱོང་གི་མཛའ་གྲོགས་ཟབ་མོ་དང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོ་མངོན་ཡོད། ཨེ་ཅིབ་ལའང་མིག་སྔར་རིམས་ནད་འགོག་རྒོལ་ཐད་ཀྱི་ལས་འགན་ཛ་དྲག་པོ་འཕྲད་བཞིན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་རིམས་ནད་ཀྱི་ཆ་འཕྲིན་དང་། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ཉམས་མྱོང་། སྨན་བཅོས་ཞིབ་འཇུག་གི་གྲུབ་འབྲས་བཅས་དུས་ཐོག་ཏུ་མཉམ་སྤྱོད་དང་དེ་བཞིན་སྨན་བཅོས་དངོས་ཟོག་མཁོ་འདོན་བྱས་ཏེ་ཨེ་ཅིབ་ཕྱོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་གྱིས་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱེད་འདོད་ཡོད། ད་ཐེངས་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་པ་དེས་ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     སའེ་ཞི་ཡིས། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འཕེལ་རིམ་བཟང་པོ་བྱུང་བ་དེ་ཐོག་ནས་སྐུ་ཞབས་ཀྲུའུ་ཞིའི་མཁས་མཛངས་ལྡན་པའི་འགོ་ཁྲིད་ནི་འགྱུར་མེད་སྟོབས་ལྡན་ཞིག་ཡིན་པ་དང་ཀྲུང་གོའི་མི་དམངས་ནི་མཐུན་སྒྲིལ་ལྡན་པ་དང་རླབས་ཆེན་ཞིག་ཡིན་པ་སླར་ཡང་ར་སྤྲོད་བྱུང་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་རྒྱུ་མ་ཟད་སྔར་བས་སྟོབས་དང་ལྡན་པར་འགྱུར་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱེད་པ་བརྒྱུད་ཨེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད་ཅེས་གསུངས་པ་རེད།

  
style="display:none;"