འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅༎སི་ཁྲོན་ལུའུ་ཀྲོའུ་ཡི་ཡུས་ཙེ་ཤིས་ཆུ་ཡུར་གྱི་འབྲུབ་འགོག་བཅོས་སྒྲིག་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མིག་སྔར། ལུའུ་ཀྲོའུ་གྲོང་ཁྱེར་ཅང་དབྱང་ཆུས་ཀྲང་པ་ཁྲོམ་གཞུང་དུ་གནས་པའི་ཡུས་ཙེ་ཤིས་ཆུ་ཡུར་གྱི་འབྲུབ་འགོག་བཅོས་སྒྲིག་དང་ལྷན་སྦྱར་ལས་གྲྭ་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཤིང་། འཛུགས་སྐྲུན་ཚན་པས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་འོག་མྱུར་ཚད་དང་ལས་ཡུན་ལ་དམ་འཛིན་བྱས་ཏེ་ལས་གྲྭ་བདེ་བླག་ངང་བསྐྲུན་རྒྱུའི་འགན་ལེན་བྱས་པ་རེད། རྣམ་གྲངས་དེར་PPPཡི་དཔེ་དབྱིབས་སྤྱད་དེ་མ་དངུལ་བསྡོམས་སྒོར་དུང་ཕྱུར་14.6བཏང་བ་དང་། འཛུགས་སྐྲུན་ནང་ཡུས་ཙེ་ཤིས་ཀྱི་མཚེའུ་ངོས་མུའུ་300དང་། མཚེའུ་འགྲམ་གྱི་སྣོད་བཅུད་འདམ་རའི་མཛེས་ལྗོངས་མུའུ་1300 ཡུས་ཙེ་ཤིས་ཀྱི་གཞུང་ཆུ་དང་དེ་བཞིན་ཉིང་ལག་ཆུ་ཡུར་སྤྱི་ལེ་3བཅོས་སྒྲིག་བྱེད་པ་སོགས་ཚུད་ཡོད། སྔོན་དཔག་བྱས་ན་འདི་ལོའི་ཟླ་6པར་བསྐྲུན་ནས་འཁོར་རྒྱུག་བྱ་རྒྱུ་རེད།