འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅༎པེ་ཅིང་དུ་ཡོང་བའི་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་སྔོན་ལ“འབབ་ས་དང་པོར”སྐྱོད་དགོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཁྲིམས་བཞིན་མངའ་ཁོངས་ཕྱི་ནས་རིམས་ནད་རྒྱལ་ནང་དུ་མཆེད་རྒྱུར་སྔོན་འགོག་གི་གནས་ཚུལ་གསར་ཤོས་ངོ་སྤྲོད་བྱས་པ་རེད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་3ཚེས་23ཉིན་གྱི་ཆུ་ཚོད་0ནས་བཟུང་། དམིགས་ས་པེ་ཅིང་དུ་ཡིན་པའི་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་ཡོད་དོ་ཅོག་ཐེན་ཅིན་དང་ཧུའུ་ཧོ་ཧའོ་ཐེ་སོགས་དམིགས་བཙུགས་ཀྱི་འབབ་ས་དང་པོའི་གནམ་ཐང་འགག་སྒོ་བརྒྱུད་ནས་པེ་ཅིང་དུ་ཡོང་དགོས་ཀྱི་ཡོད། རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ཅུས་མཐའ་མཚམས་ཞིབ་བཤེར་དོ་དམ་སིའི་སི་ཀྲང་ལིའུ་ཧའེ་ཐའོ་ཡིས་ངོ་སྤྲོད་བྱས་དོན། གནས་སྤོས་མི་སེར་དོ་དམ་ཅུས་ཀྱིས་རང་རྒྱལ་དུ་གནམ་གྲུ་ཤར་གཏོང་ཐུབ་པའི་ཀྲུང་ཕྱིའི་མཁའ་འགྲུལ་ཀུང་སི་དང་འགྲུལ་པའི་སྤ་སེའི་ཆ་འཕྲིན་ཤེས་རྟོགས་བྱེད་པའི་ཐབས་ལམ་བཏོད་དེ། མཁའ་འགྲུལ་བརྒྱུད་ནས་མངའ་ཁོངས་སུ་ཡོང་མཁན་མི་སྣ་ཚང་མའི་གཞི་རྩའི་ཆ་འཕྲིན་ལམ་སེང་ཤེས་རྟོགས་དང་། རྒྱལ་ནང་དུ་ལོག་པའི་ཆ་འཕྲིན་སྔོན་ཚུད་ནས་ཤེས་རྟོགས། མངའ་ཁོངས་སུ་སླེབས་རྗེས་ཀྱི་ཆ་འཕྲིན་ཤེས་རྟོགས་བཅས་ཐུབ་པ་བྱས་ནས་འཕྲལ་མར་མངའ་ཁོངས་སུ་ཡོང་སའི་འགག་སྒོའི་རིམས་ནད་ཞིབ་བཤེར་སྡེ་ཚན་ལ་བརྡ་ཁྱབ་དང་སྔོན་བརྡ་གཏོང་གི་ཡོད་པ་རེད།
     “ང་ཚོས་ད་དུང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ལ་མངའ་ཁོངས་ནས་འགྲོ་འོང་བྱེད་མཁན་མི་སྣའི་ཆ་འཕྲིན་བསྐུར་ཡོད། ད་བར་དུ་ཉིན་ལྟར་ཆུ་ཚོད་རེ་རེར་བསྐུར་རྒྱུ་མཐའ་འཁྱོངས་བྱས་ཏེ། སྡེ་ཁུལ་གྱི་རིམས་ནད་དོ་དམ་ཚོད་འཛིན་ལ་རོགས་རམ་བྱེད་ཀྱི་ཡོད”ཅེས་ལིའུ་ཧའེ་ཐའོ་ཡིས་བཤད་པ་དང་། ཁོང་གིས་རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ཅུས་ཀྱིས་འགག་སྒོའི་རིམས་ནད་ཞིབ་བཤེར་སྡེ་ཚན་དང་ས་ཁུལ་ཁག་ལ་མངའ་ཁོངས་ནས་འགྲོ་འོང་བྱེད་མཁན་གྱི་རིམས་ནད་ཚབས་ཆེ་བའི་རྒྱལ་ཁབ་ཀྱི་མི་སྣའི་ཆ་འཕྲིན་ཁྲི་20ཙམ་མཉམ་སྤྱོད་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་དེའི་ཁྲོད་ནས་ཕྱི་ནས་འགོས་པའི་ནད་དཔེ་100ལྷག་ཙམ་ཤེས་རྟོགས་ཐུབ་ཡོད་ཅེས་བཤད་པ་རེད།
     ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་འཁོར་སྐྱོད་ལྟ་ཞིབ་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སུན་ཧྲའོ་ཧྭ་ཡིས་ད་ལྟ་པེ་ཅིང་ནི་མངའ་ཁོངས་ཕྱི་ནས་རིམས་ནད་རྒྱལ་ནང་དུ་མཆེད་རྒྱུར་སྔོན་འགོག་ཚོད་འཛིན་བྱེད་པའི་འཐབ་ས་གཙོ་བོར་གྱུར་ཡོད། པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་ནི་རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན་པས། མངའ་ཁོངས་ཕྱིའི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་གཙོ་བོར་གྱུར་ཡོད། མིག་སྔར་དམངས་སྤྱོད་མཁའ་འགྲུལ་ཅུས་སོགས་པུའུ་ཨུད་ལྔ་ཡིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་ཏེ། དམིགས་ས་པེ་ཅིང་ཡིན་པའི་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་རྣམས་དམིགས་བཙུགས་ཀྱི་འབབ་ས་དང་པོ་ནས་མངའ་ཁོངས་སུ་འཛུལ་དགོས་པ་གཏན་འཁེལ་དང་ལེགས་སྒྲིག་བྱས་ཡོད། དེས་མངའ་ཁོངས་ཕྱི་ནས་རིམས་ནད་རྒྱལ་ནང་དུ་མཆེད་རྒྱུར་ཚོད་འཛིན་ནན་པོ་བྱེད་པར་ཕན་ཐོགས་ཡོད་ལ། འགྲུལ་པའི་བདེ་ཐང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བར་ཡང་ཕན་ཐོགས་ཡོད། རྒྱལ་སའི་གནམ་ཐང་གིས་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་ལེགས་སྒྲིག་བྱས་ཚུན་སྤྱི་ཡོངས་ཀྱི་འཁོར་སྐྱོད་བརྟན་པོ་ཡོད་པ་རེད།