འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་གོ་ལ་ཧྲིལ་པོས་དམག་མཚམས་བཞག་ནས་ཏོག་གསར་གློ་ཚད་རིམས་ནད་ལ་
ཁ་གཏད་གཅོག་དགོས་པའི་རེ་འབོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཚེས་23ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་དམག་མཚམས་བཞག་སྟེ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་དགོས་པའི་རེ་འབོད་བྱས་པ་རེད།
    ཀུའུ་ཐེ་ལེ་སིས་དེ་ཉིན་རྒྱང་ཁྲིད་གསར་འགོད་པའི་ངོ་འཕྲད་ཚོགས་འདུའི་ཐོག་ད་ཆ་ནི་དམག་དོན་གདོང་ཐུག་མཚམས་བཞག་སྟེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་སེམས་ཤུགས་གཅིག་སྒྲིལ་བྱེད་པའི་དུས་སྐབས་རེད་ཅེས་བརྗོད་པ་དང་ཁོང་གིས་གོ་ལ་ཧྲིལ་པོས་དམག་མཚམས་འཇོག་པ་དེས་སྲོག་སྐྱོབ་བར་ཁྱམས་འཛུགས་པ་དང་། ཕྱི་འབྲེལ་བྱེད་ཐབས་ལ་རྩ་ཆེའི་དུས་སྐབས་ཡག་ཤོས་སྐྲུན་པ། ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་ནུས་མེད་པའི་ས་ཁུལ་ལ་རེ་བ་སྦྱིན་པ་བཅས་ཐད་གལ་འགངས་ཧ་ཅང་ཆེན་པོ་ཡོད།
    ཀུའུ་ཐེ་ལེ་སེས་ཏོག་གསར་ནད་དུག་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་ལ་དམག་འཁྲུག་ཁུལ་གྱི་སྨན་བཅོས་མ་ལག་ཉམས་རྒུད་དུ་སོང་བས་རྒྱལ་ཁབ་ཁག་གིས་མཐུན་སྦྱོར་ངང་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་ཤུགས་སྣོན་རྒྱག་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་སྐྱོར་ཤུགས་ཆེན་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད། ཁོང་གིས་དེ་དང་ཆབས་ཅིག་འཆར་གཞི་སྡེབ་གཅིག་བཏོན་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་བཟོས་པའི་རྡབ་རྡེག་ལ་ཁ་གཏད་གཅོག་པའི་རེ་བའང་བཏོན་པ་རེད།
    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་3ཚེས་24ཉིན་འབྱོར་བའི་གློག་འཕྲིན།