འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅།།འཛམ་གླིང་དངུལ་ཁང་གིས་ཁོངས་མིར་མ་དངུལ་རྒྱབ་སྐྱོར་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་རོགས་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་ཆར། འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཏའེ་ཝུའེ·མཱར་ཕ་སེ་ཡིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གི་ཁ་པར་ཚོགས་འདུའི་ཐོག ཏོག་གསར་གློ་ཚད་རིམས་ནད་ལས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་ཡིན་པས། རྒྱལ་ཁབ་ཁག་གིས་འཕྲལ་མར་བྱ་སྤྱོད་སྤེལ་དགོས་པ་མ་ཟད། རྒྱལ་ཁབ་དབུལ་ཤོས་ཀྱི་དངུལ་བུན་ཆག་ཡང་དང་རྩ་ཆག་གཏོང་དགོས། འཛམ་གླིང་དངུལ་ཁང་གིས་དེའི་ཐད་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
    མཱར་ཕ་སེ་ཡིས། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་ཆེད་འཛམ་གླིང་དངུལ་ཁང་ཁོངས་གཏོགས་ཀྱི་རྒྱལ་སྤྱིའི་བསྐྱར་དར་གསར་སྤེལ་དངུལ་ཁང་དང་རྒྱལ་སྤྱིའི་གསར་སྤེལ་མཐུན་ཚོགས་ཀྱིས་ཉེ་དུས་རྒྱལ་ཁབ་23གྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ལ་ཨ་སྒོར་དུང་ཕྱུར་60བཏང་སྟེ་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་བཅག་ཡོད་ཅེས་བརྗོད་པ་རེད།
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་འབྱོར་བའི་གློག་འཕྲིན།