འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་25ཉིན།

༄༅༎ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཕྱི་ཤོས་2021ལོའི་དབྱར་ཁར་སྤེལ་རྒྱུ་ཡིན་ལ། ད་རུང་“ཐོ་ཁེའོ་2020”ཞེས་འབོད་རྒྱུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་25ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་3ཚེས་23ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་(མདུན)ཡིས་རྒྱལ་ཚོགས་ཐོག་གཏམ་བཤད་སྤེལ་བཞིན་པའི་རྣམ་པ་རེད། ཉིན་དེར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་ཡིས་རྒྱལ་ཚོགས་ཐོག་གཏམ་བཤད་སྤེལ་སྐབས། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་དུས་ཚོད་སྣུར་བ་ནི་གདམ་ཚན་གྲས་ཀྱི་གཅིག་ཡིན་མོད། འོན་ཀྱང་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་མེད་པ་བཟོ་མི་སྲིད་ཅེས་བརྗོད་པ་རེད།
འདི་ནི་ཟླ་3ཚེས་23ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་(མདུན)ཡིས་རྒྱལ་ཚོགས་ཐོག་གཏམ་བཤད་སྤེལ་བཞིན་པའི་རྣམ་པ་རེད། ཉིན་དེར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་ཡིས་རྒྱལ་ཚོགས་ཐོག་གཏམ་བཤད་སྤེལ་སྐབས། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་དུས་ཚོད་སྣུར་བ་ནི་གདམ་ཚན་གྲས་ཀྱི་གཅིག་ཡིན་མོད། འོན་ཀྱང་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་མེད་པ་བཟོ་མི་སྲིད་ཅེས་བརྗོད་པ་རེད།
     མི་དམངས་དྲ་བའི་འཕྲིན། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱིས་ཤུགས་རྐྱེན་ཐེབས་རྐྱེན། ཚེས་24ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་དབར་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་2021ལོ་བར་ཕྱིར་སྣུར་རྒྱུ་ཡིན་པ་དང་། ཕྱི་ཤོས་2021ལོའི་དབྱར་ཁ་ལས་བརྒལ་རྒྱུ་མིན་པའི་ཐུན་མོང་གི་ངོས་འཛིན་བྱུང་བ། 
     འདི་ནི་དེང་རབས་ཨོ་ལིམ་ཕིག་ལུས་རྩལ་ལོ་རྒྱུས་ཐོག་ཐེངས་དང་བོར་ནར་འགྱངས་བྱས་པའི་ཨོ་རྩལ་འགྲན་ཚོགས་ཡིན། 
     ཨ་པེ་དང་པ་ཧོས་ཚེས་24ཉིན་ཞལ་པར་ཐོག་གྲོས་མོལ་བྱས་ཤིང་། དེ་རྗེས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་དང་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་མཁོ་འདོན་བྱས་པའི་ཆ་འཕྲིན་ལ་གཞིགས་ན། ཐོ་ཁེའོ་རུ་འཚོག་རྒྱུ་ཡིན་པའི་སྐབས་32པའི་ཨོ་རྩལ་འགྲན་ཚོགས་ངེས་པར་དུ་2020ལོའི་རྗེས་དང་ཕྱི་ཤོས་2021ལོའི་དབྱར་ཁའི་བར་བཀོད་སྒྲིག་བྱ་རྒྱུ། འདི་ནི་ལུས་རྩལ་པ་དང་དེ་བཞིན་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་ཚང་མའི་བདེ་ཐང་སྲུང་སྐྱོང་བྱ་ཆེད་ཡིན་ཞེས་བརྗོད་ཡོད། 
     པ་ཧོ་དང་ཨ་པེ་ཡིས་བསྟན་དོན། དུས་བབ་ལ་འགྱུར་ལྡོག་ཆེ་བའི་དུས་སྐབས་འདིར། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ནི་འཛམ་གླིང་གི་རེ་བའི་སྒྲོན་སྟེགས་ལྟ་བུར་འགྱུར་བ་དང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་མིག་སྔའི་འཛམ་གླིང་གནས་སའི་ཕུག་ལམ་གྱི་མཐའ་མའི་སྐྱ་རེངས་སུ་འགྱུར་ཐུབ། དེར་བརྟེན། ཕྱོགས་གཉིས་པོས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཇར་པན་དུ་འཇོག་རྒྱུར་མོས་མཐུན་བྱུང་ཡོད། ཕྱོགས་གཉིས་པོས་ད་དུང་སྐབས་འདིའི་འགྲན་བསྡུར་གྱི་མིང་ལ་སྔར་བཞིན“ཐོ་ཁེའོ་ཡི་2020ལོའི་ཨོ་རྩལ་འགྲན་ཚོགས་དང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས”ཞེས་འབོད་རྒྱུའི་མོས་མཐུན་ཡོད་ཅེས་བརྗོད། 
     ཨ་པེས་ཞལ་པར་གྲོས་མོལ་བྱས་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་ཐོག  ལུས་རྩལ་པ་རྣམས་ཀྱིས་རྣམ་པ་ལེགས་ཤོས་འོག་འགྲན་བསྡུར་བྱེད་ཐུབ་པ་དང་། དུས་མཚུངས་ལྟད་མོ་བས་བློ་བདེ་པོ་དང་བདེ་འཇགས་ལྡན་པའི་ཁོར་ཡུག་ནང་འགྲན་བསྡུར་ལ་ལྟ་ཐུབ་ཆེད། འཇར་པན་ཕྱོགས་ཀྱིས(ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས)ལོ་གཅིག་ཙམ་གྱིས་ཕྱིར་སྣུར་རྒྱུའི་གྲོས་འགོ་བཏོན་པ་ཡིན་ཞེས་བརྗོད་པ་དང་། གྲོས་འགོ་དེ་ལ་པ་ཧོ་ཡིས་བརྒྱ་ཆ་བརྒྱ་མོས་མཐུན་བྱས་པ་རེད། དེ་དང་ཆབས་ཅིག་ཨ་པེས་པ་ཧོ་ལ་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་གཉེར་བའི་མདུན་ལམ་གང་མགྱོགས་ཀྱིས་གཏན་འཁེལ་བྱ་རྒྱུའི་ལྕག་སྐུལ་ཡང་བྱས་པ་རེད། 
     ཚེས་24ཉིན་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་ལག་བསྟར་ཨུ་ལྷན་གྱིས་ཛ་དྲག་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་དུས་ཚོད་ཕྱིར་སྣུར་རྒྱུའི་ལས་དོན་ལ་གྲོས་བསྡུར་བྱས་པ་རེད།