འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་25ཉིན།

༄༅།།ཕྱི་འབྲེལ་པུས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མུ་མཐུད་མཉམ་ལས་དམ་ཟབ་བྱས་ཏེ་ཐུན་མོང་ཐོག་རིམས་
ནད་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་25ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེར་མངགས་པའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅས་པའི་མི་7དེ་ཉིན་སྔ་དྲོ་ཕ་ནོམ་ཕེན་དུ་འབྱོར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མུ་མཐུད་མཉམ་ལས་དམ་ཟབ་བྱས་ཏེ་ཐུན་མོང་ཐོག་རིམས་ནད་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
   དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་དྲིས་དོན། ཀྲུང་གོ་སྲིད་གཞུང་གིས་ཁམ་ཕུ་ཁྲེར་མངགས་པའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ནི་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོས་ཉེ་འཁོར་རྒྱལ་ཁབ་ལ་མངགས་པའི་རིམས་འགོག་སྨན་བཅོས་རུ་ཁག་དང་པོ་དེ་རེད། དེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གྱི་དམིགས་བསལ་མཛའ་གྲོགས་དང་འབྲེལ་བ་ཡོད་དམ། སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་པ་ཕུད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཁམ་ཕུ་ཁྲེར་རིམས་འགོག་ཐད་རོགས་སྐྱོར་གང་དག་བྱས་ཡོད་དམ།
   “ཁམ་ཕུ་ཁྲེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རོགས་བྱ་ཆེད། ཀྲུང་གོ་སྲིད་གཞུང་གིས་ཁམ་ཕུ་ཁྲེར་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་ཡོད། རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅས་པའི་མི་7དེ་རིང་སྔ་དྲོ་ཕ་ནོམ་ཕེན་དུ་འབྱོར་བས་ཁམ་ཕུ་ཁྲེ་སྲིད་གཞུང་དང་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད” ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཁམ་ཕུ་ཁྲེར་བརྟག་དཔྱད་ཚོད་ལྟའི་སྨན་རྫས་དང་། N95འགོག་སྲུང་ཁ་རས། སྤྱོད་གཅིག་མའི་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས། སིམ་འགོག་ལོགས་འཇོག་གྱོན་ཆས། སྨན་སྤྱོད་འགོག་སྲུང་གྱོན་ཆས་སོགས་ཚུད་པའི་རིམས་འགོག་དངོས་ཟོག་ཁག་གཅིག་ཞལ་འདེབས་བརྒྱབ་ཡོད་ཅེས་ཀེང་ཧྲོང་གིས་བརྗོད།
   ཁོང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་པོའི་ཡུམ་ཆེན་མོ་ཉི་ལེ་རྣམ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་འཚམས་འདྲི་ཞུས་པ་མ་ཟད། ལག་ཡོད་ཕྱི་དངུལ་གྱི་རོགས་སྐྱོར་ཡང་བྱས་པ་དང་། དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་རིམས་ནད་ཐོན་པའི་ཐོག་མའི་དུས་སུ་་ཆེད་མངགས་ཀྲུང་གོར་འཚམས་འདྲིར་ཕེབས་ཏེ་ཀྲུང་གོས་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་རྒྱབ་སྐྱོར་བརྟན་པོ་མཚོན་པར་གནང་ཡོད། ཁམ་ཕུ་ཁྲེའི་སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་ཀྲུང་གོར་དངུལ་དང་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་ནས་ཀྲུང་གོ་མི་དམངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད་ཅེས་བརྗོད།
   “མིག་སྔར། ཁམ་ཕུ་ཁྲེའི་རིམས་ནད་སྔོན་འགོག་ཚོད་འཛིན་དེ་ཛ་དྲག་གི་དུས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཁམ་ཕུ་ཁྲེར་ཕྱོགས་གང་ས་ཅི་ཐད་ནས་རོགས་སྐྱོར་བྱེད་དགོས་ངེས་རེད། དེས་ཀྲུང་ཁམ་དབར་གྱི་དམིགས་བསལ་མཛའ་གྲོགས་མཚོན་པ་ཙམ་མ་ཟད། ཀྲུང་ཁམ་དབར་ལས་དབང་གཅིག་མཐུན་འདུས་གྲུབ་དང་གྲོགས་པོ་བློས་ཐུབ་ཡིན་པར་ལྡན་དགོས་ངེས་ཀྱི་སྙིང་པོའང་རེད། ང་ཚོས་ཁམ་ཕུ་ཁྲེ་ཕྱོགས་དང་མུ་མཐུད་མཉམ་ལས་དམ་ཟབ་བྱས་ཏེ་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་བ་བྱས་ནས་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ཐུན་མོང་ཐོག་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་ཀེང་ཧྲོང་གིས་བརྗོད་པ་རེད།