འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་25ཉིན།

༄༅༎ཉེ་ཆར་འཚོ་བའི་ཉེར་མཁོ་ཁྲོམ་རར་མཁོ་སྤྲོད་བྱེད་ཚད་སྤྱིའི་ཆ་ནས་འབེལ་པོ་ཡོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་25ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚོང་དོན་པུས་ཚེས་20ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། ཉེ་ཆར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་ཕྱོགས་སུ་འགྲོ་བ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་པའི་རྣམ་པ་རྒྱུན་ཆད་མེད་པར་བརྟན་དུ་དང་རྒྱ་སྐྱེད་འགྲོ་བ། ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ་བཅས་དང་བསྟུན་ནས། རྒྱལ་ཡོངས་ཀྱི་འཚོ་བའི་ཉེར་མཁོ་ཁྲོམ་རར་མཁོ་སྤྲོད་བྱེད་ཚད་སྤྱིའི་ཆ་ནས་འབེལ་པོ་ཡོད་པ་དང་ཟོག་གོང་ཀྱང་བརྟན་པོའི་ངང་ཆག་ཡོད། ཚོང་དོན་པུས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། ཟླ་3ཚེས་19ཉིན་རྒྱལ་ཡོངས་ཀྱི་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་ཆེ་གྲས་བརྒྱ་ལྷག་ཙམ་གྱི་ཚགས་ཤ་དང་ལུག་ཤ་སྡེབ་ཚོང་རིན་གོང་ཟླ་བ་གཉིས་པའི་ཟླ་མཇུག(གཤམ་མཚུངས)དང་བསྡུར་ན་0.7%དང་0.9%ཁག་སོ་སོར་ཆག་པ་དང་། ཚལ་རིགས་སྣ་ཁ་30ལྷག་ཙམ་གྱི་སྡེབ་ཚོང་རིན་གོང་ཆ་སྙོམས་12.5%ཆག་པ། འབྲུ་རིགས་དང་ཟ་སྣུམ་སྡེབ་ཚོང་རིན་གོང་ཟླ་བ་གཉིས་པའི་ཟླ་མཇུག་དང་བསྡུར་ན་0.1%འཕར་བ་དང་0.2%ཆག་ཡོད་པ་རེད།