འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་25ཉིན།

༄༅༎ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་དཔྱིད་རྨོད་དུས་ཚོད་དམ་འཛིན་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་25ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་དཔྱིད་རྨོད་དུས་ཚོད་དམ་འཛིན་བྱེད་པ།
     2020ལོའི་ཟླ་3ཚེས་21ཉིན་ཧེ་ལུང་ཅང་ཞིང་ཆེན་ཧྲོང་ཡ་ཧྲན་གྲོང་ཁྱེར་ཡེའུ་དབྱི་རྫོང་ཏུང་ཅན་ཤང་གནས་སའི་བྱང་ཕྱོགས་ས་ཁུལ་དྲོ་རུ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་ཞིང་པ་ཚོས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་དཔྱིད་རྨོད་རྨོ་འདེབས་ལས་ལ་བྲེལ་བཞིན་ཡོད།
     འདི་ནི་ས་གནས་དེ་གའི་ཞིང་པས་ཏུང་ཅན་ཤང་གི་ཆུ་འབྲས་མྱུ་གུ་འབུད་སྐུལ་རྟེན་གཞིའི་འགྱིག་ཤོག་དྲོད་ཁང་ཞིག་ནང་ཆུ་འབྲས་འདེབས་གཞོང་སྒྲིག་ནས་འདེབས་འཛུགས་གྲ་སྒྲིག་བྱེད་བཞིན་པ།