འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་24ཉིན།

༄༅།།བོད་ལྗོངས་མཛེས་རྩལ་ཁང་བསྐྲུན་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་24ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་མཛེས་རྩལ་ཁང་བསྐྲུན་འགོ་ཚུགས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན། བོད་ལྗོངས་མཛེས་རྩལ་ཁང་འཛུགས་སྐྲུན་ལས་གཞི་དེ་སྔའི་ལྷ་ས་ཨར་འདམ་བཟོ་གྲྭའི་གནས་རྙིང་དུ་དངོས་སུ་ལས་འགོ་ཚུགས་པ་རེད། བོད་ལྗོངས་མཛེས་རྩལ་ཁང་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མཛེས་རྩལ་ཁང་ཡིན་ཞིང་། ལས་གཞི་ལས་རྒྱལ་ཁབ་ཀྱི་གཙོ་གནད་མཛེས་རྩལ་ཁང་ཞིག་འཛུགས་སྐྲུན་བྱ་རྒྱུ་དེ་དམིགས་ཡུལ་དུ་བྱས་ཤིང་། ནུས་ཤུགས་ཆེན་པོས་གཅིག་འདུས་ཉར་ཚགས་དང་། འགྲེམས་སྟོན། ཞིབ་འཇུག བགྲོ་གླེང་། སློབ་གསོ། རྒྱ་བསྐྱེད་སོགས་མ་ལག་གཅིག་འདུས་ཀྱི་དེང་རབས་ཅན་དང་། རྒྱལ་སྤྱི་ཅན། གྲངས་གཞི་ཅན་བཅས་ཕྱོགས་བསྡུས་ཀྱི་མཛེས་རྩལ་ཁང་ཆེ་གྲས་ཤིག་བསྐྲུན་རྒྱུ་རེད། འདི་ནི་ཟླ་3ཚེས་23ཉིན་བོད་ལྗོངས་མཛེས་རྩལ་ཁང་གི་ཨར་ལས་བྱ་ཡུལ་དངོས་ཡིན།
༄༅།།བོད་ལྗོངས་མཛེས་རྩལ་ཁང་བསྐྲུན་འགོ་ཚུགས་པ།