འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་24ཉིན།

༄༅།།མཚོ་སྔོན་ཟི་ལིང་གིས“སྲིད་ཇུས་འཐུས་ཚང”བཏོན་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་
གསོའི་དཀའ་གནད་སེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་24ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཟི་ལིང་གྲོང་ཁྱེར་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་སྲིད་ཇུས་དོན་འཁྱོལ་ཚོགས་འདུ་འཚོག་ཡུལ་དུ་། ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཧོ་པིན་དང་འཕེལ་སྒྱུར་ཨུ་ལྷན་གྱིས་སེམས་ཀྱི་ཉི་ཟླ་དང་དེ་བཞིན་མཐའ་འཁོར་གྱི་ལེ་ལག་ཚང་བའི་ལམ་དྲའི་ལས་གྲྭར་མཆན་བཀོད་བཀའ་ལན་བྱས་ཏེ། ཟླ་3ཚེས་12ཉིན་རེ་ཞུ་བྱས་པ་ནས་ད་བར་ཞིབ་མཆན་འགོད་པའི་ལས་རིམ་ཐད་ལས་ཡུན་ཉིན་5ལས་སྤྱད་མེད་པ་རེད།
    “སྲིད་ཇུས་བྱེད་ཐབས་གང་མགྱོགས་ཁེ་ལས་སུ་རྗེས་སྙེག་དོན་འཁྱོལ་བྱས་ཏེ། ཁེ་ལས་ནས་དྲོ་སྐྱིད་དངོས་སུ་ཚོར་བ་བྱས་ཏེ་ཡིད་ཆེས་དང་གསོན་ཤུགས་འཕེལ་བར་བྱེད་དགོས”ཞེས་ཟི་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཀྲང་ཞའོ་རུང་གིས་བཤད་པ་དང་། དུས་འགོར་བརྟག་ཞིབ་བྱེད་རིང་སྡེ་ཚན་ཁག་གིས་ཁེ་ལས་མི་འདྲ་བའི་དངོས་ཡོད་དཀའ་གནད་ཤེས་རྟོགས་བྱས་ཏེ་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་སྲིད་ཇུས་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་ནང་དོན་ཁག་248ཚུད་པའི《ཟི་ལིང་གི་ཁེ་ལས་ལས་འགོ་འཛུགས་པ་དང་བསྐྱར་འཛུགས་ལ་ཕན་འདོགས་པའི་སྲིད་ཇུས་འཐུས་ཚང》ཕྱོགས་བསྡུས་བྱས་ཏེ་བཟོས་ནས་སྨྱན་སྦྱོར་གསར་པའི་དཔེ་དབྱིབས་གཞིར་བཟུང་དྲིལ་བསྒྲགས་བྱས་ཏེ་ཁེ་ལས་ཀྱིས་སྲིད་ཇུས་ཤེས་པ་དང་བེད་སྤྱོད་ཡག་པོ་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།
    གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཚེས་19ཉིན་གྱི་ཕྱི་དྲོར་ས་གནས་ས་ཐོག་ཏུ་སྲིད་ཇུས་ལ་རྒྱུས་མངའ་བྱེད་མཁན་ཁེ་ལས་14དང། གཅིག་སྡུད་ཞིབ་མཆན་བཀོད་པའི་རྣམ་གྲངས་3 མ་དངུལ་མཉམ་བསྡུའི་གན་རྒྱ་འཇོག་མཁན་ཁེ་ལས་6བཅས་ཡོད་པ་དེ་དག་ལས་རིགས་ཁྱབ་ཁོངས་4དང་འབྲེལ་བ་ཡོད་པའི་ནང་། མི་ཉུང་བ་ཞིག་ནི་མི་སེར་གྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚོང་ར་དང་སྒོ་རྩིས་ཚོང་ཁང་དང་དེ་བཞིན་ཞིང་ཞོར་ཐོན་ཟོག་འཁོར་རྒྱུག་ཁེ་ལས་ཡིན་པ་རེད།
    གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཟླ་3ཚེས་19ཉིན་བར། ཟི་ལིང་གྲོང་ཁྱེར་གྱི་ཚད་ལོན་ཡན་གྱི་བཟོ་ལས་དང་ཁེ་ལས་239ཡི་ནང་ལས་འགོ་བཙུགས་པ་དང་བསྐྱར་འཛུགས་བྱས་པའི་ཁེ་ལས་219ཡོད་པར་བསྐྱར་འཛུགས་བྱེད་ཚད་91.6%ཟིན་པ་རེད།
    བསྡོམས་རྩིས་བྱས་པར་གཞིགས་ན། ཟི་ལིང་གྲོང་ཁྱེར་གྱི་དངུལ་ཁང་22ཀྱིས་རིམ་རྩིས་བརྒྱབ་ན་ཁེ་ལས་ལ་ལས་འགོ་འཛུགས་པ་དང་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་སྒོར་དུང་ཕྱུར་49.88བཏང་བ་དང་། འདི་ལོའི་ཟླ་2པ་ནས་6པའི་བར། ཟི་ལིང་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཁེ་ལས་འབྲིང་ཆུང་9770ཡི་སྤྱི་ཚོགས་འགན་བཅོལ་ཚན་པའི་འགྲོ་གྲོན་ཁག་གསུམ་རྩ་ཆག་གཏོང་རྒྱུ་ཡིན་ཞིང་། སྒོར་དུང་ཕྱུར་6.06ཟིན་གྱི་ཡོད།