འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་23ཉིན།

༄༅།།ཡུན་ནན་བདེ་ཆེན་བོད་རིགས་ས་ཁུལ་གྱིས་རིམས་འགོག་དང་དབུལ་གྲོལ་གྱི་དམག་འཐབ་
གཉིས་ཡག་པོ་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་23ཉིན། 12:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡུན་ནན་བདེ་ཆེན་བོད་རིགས་ས་ཁུལ་གྱིས་རིམས་འགོག་དང་དབུལ་གྲོལ་གྱི་དམག་འཐབ་
གཉིས་ཡག་པོ་བརྒྱབ་པ།
      མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཞིང་ལྗོངས་གསུམ་འབྲེལ་མཚམས་སུ་གནས་ཡོད་ཅིང་། “ཁུལ་གསུམ་ཀྲོའུ་གསུམ་”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཏོགས་ཤིང་། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ས་གནས་དེས་མི་མང་འདུ་འཛོམས་བྱེད་ཡུལ་དུ་འགྲོ་འོང་བྱེད་པར་རྩ་བཤེར་དང་། སྤྱི་པའི་ཁུལ་དུ་དུས་ལྟར་དུག་སེལ། ལས་ཞུགས་མི་སྣའི་བདེ་ཐང་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཧུར་བརྩོན་ཆེན་པོས་རིམས་ནད་འགོག་རྒོལ་བྱེད་པ་དང་། ཆབས་ཅིག  དབུལ་སྒྲོལ་འགག་སྒྲོལ་གྱི་“ཉིན་བརྒྱའི་སྤྱིའི་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་”བྱེད་སྒོ་འགོ་བརྩམས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་རེད། མིག་སྔར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁྱོན་ཡོངས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱས་ཡོད་པ་རེད།
【1】  【2】  【3】
༄༅།།ཡུན་ནན་བདེ་ཆེན་བོད་རིགས་ས་ཁུལ་གྱིས་རིམས་འགོག་དང་དབུལ་གྲོལ་གྱི་དམག་འཐབ་
གཉིས་ཡག་པོ་བརྒྱབ་པ།