འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་23ཉིན།

༄༅༎ཝུའུ་ཧན་གྱི་ཟུངས་ཁྲག་སིམ་འབྱེད་ཁང་དུ་སྨན་དོན་མི་སྣས་ལས་གནས་བརྟན་སྲུང་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་23ཉིན། 11:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། ཝུའུ་ཧན་གྲོང་ཁྱེར་ཧན་ཁོའུ་སྨན་ཁང་གི་མཁལ་ནད་ཚན་ཁག་གི་ཟུངས་ཁྲག་སིམ་འབྱེད་ལྟེ་གནས་ཀྱི་སྨན་དོན་མི་སྣ་8པོས་ནུས་ཤུགས་ཡོད་རྒུས་ནད་པའི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱེད་བཞིན་ཡོད། ཉེ་ཆར། སྨན་དོན་མི་སྣས་ཏོག་གསར་གློ་ཚད་ཀྱི་ཉེན་ཆེའི་ནད་པར་ཟུངས་ཁྲག་གཙང་སེལ་གྱི་སྨན་བཅོས་བྱེད་པ་ཕུད། གཟའ་འཁོར་རེར་ད་དུང་ཏོག་གསར་གློ་ཚད་ཀྱི་བདེ་ཐང་སླར་གསོའི་དུས་ཀྱི་གཅིན་དུག་ཕོག་པའི་ནད་པ་40ཙམ་གྱི་ཟུངས་ཁྲག་སིམ་འབྱེད་བྱེད་དགོས་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གཅིན་དུག་ཕོག་པའི་ནད་པར་ཏོག་གསར་གློ་ཚད་ཕོག་རྗེས་སྔར་བཞིན་གཟའ་འཁོར་རེར་ཟུངས་ཁྲག་སིམ་འབྱེད་ཐེངས་གསུམ་རེ་བྱེད་དགོས་ཀྱི་ཡོད་པ་རེད།