འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་22ཉིན།

༄༅།།ཀན་ལྷོའི་སྐྱེ་ལྡན་རྫས་ལུད་མེ་འཁོར་དུ་དབོར་ནས་སི་ཁྲོན་གྱི་དཔྱིད་རྨོད་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་22ཉིན། 11:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀན་སུའུ་དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀན་ལྷོ་ནས་ཐོན་པའི་སྐྱེ་ལྡན་རྫས་ལུད་ཏུན་120ཀྲུང་གོ་ལྕགས་ལམ་ལན་ཀྲོའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ལན་ཀྲོའུ་ཟོག་འགྲེམས་ལྟེ་གནས་རྨིན་རྫོང་ཟོང་ར་ནས་ཐོན་ཏེ། རྒྱང་ཐག་སྤྱི་ལེ་600ལྷག་ཙམ་ཆོད་པའི་སི་ཁྲོན་ཕེ་རྫོང་ཨན་ཆིང་ས་ཚིགས་སུ་བསྐྱོད་དེ་ལྷོ་ནུབ་ས་ཁུལ་གྱི་དཔྱིད་རྨོད་ཐོན་སྐྱེད་ཀྱི་དགོས་མཁོ་བསྐངས་པ་རེད།
    ད་ཐེངས་དབོར་འདྲེན་བྱས་པའི་བོད་རིགས་ས་ཁུལ་གྱི་སྐྱེ་ལྡན་རྫས་ལུད་ཏུན་120ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཟླ་བ་གཡང་འཛོམས་སྐྱེ་ལྡན་རྫས་ལུད་ཀུང་སིས་སྒྲིག་འཛུགས་བྱས་པའི་སྐྱེ་ལྡན་རྫས་ལུད་ཁག་གཉིས་པ་དེ་རེད། ཀུང་སི་དེ་ནི་སྔོ་ལྗང་ཁོར་ཡུག་སྲུང་སྐྱོང་གི་དབུལ་སྐྱོར་ཁེ་ལས་ཤིག་ཡིན་པ་དང་བོད་རིགས་མང་ཚོགས་100ལྷག་ཙམ་ལས་ཞུགས་ཐུབ་ཡོད། ལྕགས་ལམ་གྱིས་བོད་རིགས་ས་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ལ་རོགས་རམ་བྱས་པས་ལྕགས་ལམ་གྱི་དབོར་འདྲེན་རྣམ་གྲངས་ལ་གྲུབ་འབྲས་ཐོབ་པ་མ་ཟད། དབུལ་སྐྱོར་ཐད་ལའང་གཞན་རྟེན་ནས་རང་རྟེན་དུ་གྱུར་ཏེ། བོད་རིགས་ས་ཁུལ་གྱི་དབུལ་སྒྲོལ་གོམ་སྟབས་དང་ས་ཁོངས་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དམིགས་ཚད་ལ་སྐུལ་འདེད་བཏང་ཡོད།