འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་20ཉིན།

༄༅།།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་གྱི་མི་ལོ36རིང་གི་འཕོ་འགྱུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་20ཉིན། 16:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
1999ལོའི་ཟླ་དང་པོའི་ཚེས1ཉིན་གྱི་མཚོ་སྔོན་ཚན་རྩལ་ཚགས་པར།
1999ལོའི་ཟླ་དང་པོའི་ཚེས1ཉིན་གྱི་མཚོ་སྔོན་ཚན་རྩལ་ཚགས་པར།
     1984ལོ་ནས་ད་ལྟའི་བར་དུ། 《མཚོ་སྔོན་ཚན་རྩལ་ཚགས་པར》བོད་ཡིག་པར་མ་འདི་ཡང《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》ཞེས་པར་འཕེལ་རྒྱས་བྱུང་ཡོད་ལ། ཚགས་པར་གྱི་སྤེལ་ཐེངས་དང་པར་ངོས་གྲངས་ཀ ལེ་ཚན་བཀོད་སྒྲིག་བཅས་ལའང་འགྱུར་བ་རེ་གཉིས་བྱུང་ཡོད། 
     1984ལོའི་ཟླ7པ་ནས1998ལོའི་ཟླ12པའི་བར་དུ། ཚགས་པར་འདི་པར་ངོས་བཞི་དང་སྤེལ་ཚུལ་ཟླ་རེ་ལ་ཐེངས་གཉིས་རེ་ཡིན། པར་ངོས་རེ་རེའི་བརྗོད་དོན་ནི་དང་པོར་ཚན་རྩལ་གསར་འགྱུར་དང་། གཉིས་པར་ཞིང་ཕྱུགས་ལག་རྩལ། གསུམ་པར་ཤེས་བྱ་ཀུན་འདུས། བཞི་བར་ཞོར་བཀོད་རྩོམ་ཚན(འདི་རུ་ཚན་སྤེལ་མུ་འབྲེལ་པར་རིས་དང་ཤེས་བྱའི་བྱང་བུ་ཞེས་པ་གཉིས་རེས་མོས་སུ་སྤེལ)བཅས་ཡིན།
    1999ལོའི་ཟླ་དང་པོ་ནས2010ལོའི་ཟླ7པའི་བར་དུ། པར་ངོས་གྲངས་ཀ་སྔར་བཞིན་བཞི་ཡིན་ནའང་། སྤེལ་ཚུལ་ཟླ་རེ་ལ་ཐེངས་རེ་ཡིན། དུས་མཚུངས་སུ། པར་ངོས་ཁག་གི་བརྗོད་དོན་ལ་ཡང་འགྱུར་བ་བཏང་སྟེ། པར་ངོས་དང་པོར་ཚན་རྩལ་གསར་འགྱུར་དང་། གཉིས་པར་དངོས་སྤྱོད་ལག་རྩལ། གསུམ་པར་འཚོ་བ་དང་བདེ་ཐང་། བཞི་བར་ཤེས་བྱ་ཀུན་འདུས་ཞེས་ཡིན།
    2010ལོའི་ཟླ7པའི་ཚེས16ཉིན་ནས་བཟུང་། སྤེལ་ཐེངས་ཇེ་མང་དུ་གཏོང་བ་དང་པར་ངོས་གྲངས་ཀ་ཇེ་མང་དུ་གཏོང་བ། ཚགས་པར་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་འཆར་གཞི་ལག་ལེན་བསྟར་ཏེ་སླར་ཡང་ཟླ་རེར་ཐེངས་གཉིས་རེ་སྤེལ་རྒྱུ་བྱས་ལ། པར་ངོས་གྲངས་ཀའང་བརྒྱད་དུ་བཏང་། པར་ངོས་རེ་རེའི་བརྗོད་དོན་ནི་དང་པོར་ཚན་རྩལ་གསར་འགྱུར་དང་། གཉིས་པར་སྐྱེ་ཁམས་སྲུང་སྐྱོང་། གསུམ་པར་རོང་འབྲོག་པའི་སྤྲོ་ཁྱིམ། བཞི་བར་དངོས་སྤྱོད་ལག་རྩལ། ལྔ་བར་ཚན་རིག་དང་འཚོ་བ། དྲུག་པར་མཛེས་པའི་བོད་ཁམས། བདུན་པ་དང་བརྒྱད་པར་གསར་འགྱུར་གྱི་མ་ཡིག་བཀོད་པ་བཅས་ཡིན།
【1】  【2】  【3】  【4】
2010ལོའི་ཟླ7པའི་ཚེས16ཉིན་གྱི་ཚགས་པར།
2010ལོའི་ཟླ7པའི་ཚེས16ཉིན་གྱི་ཚགས་པར།