འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་20ཉིན།

༄༅།།ཁྲོན་བོད་གཞུང་ལམ་དཔའ་ཤོད་རྫོང་ནང་ཁོངས་ཀྱི་གངས་རུད་ཐོན་ནས་ཆད་པའི་ལམ་དུམ་དུ་རླངས་
འཁོར་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་20ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན་གྱི་ཐོ་རེངས་སུ། མཁའ་རླུང་གྲང་མོའི་ཤུགས་རྐྱེན་འོག  བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་བསྟུན་མར་ཁ་བ་བབས་པས། ཁྲོན་བོད་གཞུང་ལམ་རྒྱལ་ལམ་318ཀྱི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ནང་ཁོངས་སུ་རིང་ཚད་ལ་སྨི་100དང་ཞེང་ཚད་ལ་སྨི་150 མཐོ་ཚད་ལ་སྨི་5ཡོོད་པའི་གངས་རུད་ཐོན་པ་དང་། གངས་རུད་ཀྱི་ཚད་སྨི་གྲུ་བཞི་ལྷམ་པ་90000ཙམ་ཟིན་ཡོད་པས། རི་བོང་ལམ་དུམ་གྱི་འགྲིམ་འགྲུལ་ཆད་པ་རེད། ཆུ་ཚོད་15ཡི་ཐོག ཁྲོན་བོད་གཞུང་ལམ་རི་བོང་ལམ་དུམ་ཤར་གཏོང་ཐུབ་ཡོད་ཅིང་། སྣེ་གཉིས་སུ་ལུས་པའི་རླངས་འཁོར་ཚང་མ་བདེ་བླག་ངང་ཤར་གཏོང་ཐུབ་པ་རེད།
    རོགས་སྐྱོབ་བྱ་་ཡུལ་དངོས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4200ཡོད་ཅིང་། སྨུག་་ཕྱིའི་འོད་ཟེར་ཤུགས་དྲག་ཆེ་ཞིང་། གསོ་རླུང་དཀོན་པ། དྲོད་ཚད་ཀླད་ཀོར་འོག་གི་10℃ལ་སླེབས་པས་རོགས་སྐྱོབ་བྱ་རྒྱུར་དཀའ་ངལ་ངེས་ཅན་བཟོས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རོགས་སྐྱོབ་བྱེད་མཁན་དཔོན་དམག་གིས་ཕྱོགས་གཅིག་ནས་ཉེན་ཟོན་བྱེད་པ་དང་། དུས་མཚུངས་དེར་ལུས་པའི་རླངས་འཁོར་བདེ་འཇགས་ཁུལ་དུ་འཇོག་རྒྱུར་ཚན་རིག་དང་མཐུན་པའི་བཀོད་འདོམས་རོགས་སྐྱོར་ལག་བསྟར་བྱས་པ་རེད།
    མགྱོགས་མྱུར་འགྲིམ་འགྲུལ་ཤར་གཏོང་སླར་གསོ་བྱ་ཆེད། དཔོན་དམག་ཚོས་དཀའ་ངལ་མང་པོ་ཁྱད་བསད་བྱས་པ་དང་།  བདེ་འཇགས་མི་སྣས་རི་བོའི་གནས་ཚུལ་ལ་དུས་དང་རྣམ་པ་ཀུན་དུ་དོ་སྣང་བྱེད་བཞིན་ཡོད་པ་དང་། ཁ་ལོ་བས་རོགས་སྐྱོབ་འཕྲུལ་ཆས་བཏང་ནས་གངས་རུད་གཙང་སེལ་བྱེད་པ་དང་། དཔོན་དམག་ཚོས་ད་དུང་དེར་ལུས་པའི་མང་ཚོགས་ལ་བཟས་རིགས་སྤྲད་ཡོད།