འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་20ཉིན།

༄༅།།《མཚོ་སྔོན་ཞིང་ཆེན་གྱི་ནས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་
བསམ་འཆར》སྤེལ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་20ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ནས་ཀྱི་ཐོན་ལས་དེ་རིམ་པ་འབྲིང་མཐོར་བསྐྱོད་རྒྱུར་སྔར་བས་སྐུལ་འདེད་བཏང་ནས། གྲོང་གསེབ་དར་སྤེལ་དང་ཐོན་ལས་དར་རྒྱས་ཀྱི་འཕར་གཞི་གསར་པ་གཏོད་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ནས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
《ལག་བསྟར་བསམ་འཆར》ནི་མཚོ་སྔོན་ཞིང་ཨུད་སྒྱུར་བཅོས་ཟབ་སྤེལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་གཞིར་བཟུང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་ཅིང་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་སོགས་སྡེ་ཁག་དང་མཉམ་དུ་བརྟག་ཞིབ་གང་ལེགས་དང་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་འཆར་ཟིན་བཀོད་ནས་གྲུབ་པ་ཞིག་རེད། 《ལག་བསྟར་བསམ་འཆར》ནང་། ནས་ཀྱི་ཐོན་ལས་ཀྱིས“གྲོང་གསེབ་དར་སྤེལ”དང“ཕུལ་བྱུང་གཅིག་དང་མཐོ་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་དམ་པོར་དམིགས་ནས།“སྲིད་གཞུང་གིས་སྣེ་ཁྲིད་པ་དང་། ཁྲོམ་རས་ཁྲིད་སྟོན་བྱེད་པ། སྣེ་འདྲེན་གྱིས་སྐུལ་ཁྲིད་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་ཞིང་། ལྗང་མདོག་དང་སྐྱེ་ལྡན་ཁ་ཕྱོགས་སུ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་བྱེད་པ། “མཚོ་སྔོན་གྱི་ནས། གནམ་འོག་བདེ་ཐང་།”ཞེས་པ་བརྗོད་དོན་གཙོ་བོར་བཟུང་བ་དང་། ཚད་ལྡན་ཅན་དང་། ཐོན་ལས་ཅན། སྤུས་རྟགས་ཅན་བཅས་ཐབས་ལམ་བྱེད་པ། སྒྲིག་སྲོལ་དང་ཚན་རྩལ་གསར་གཏོད་ཀྱི་སྒུལ་ཤུགས་བྱེད་པ་བཅས་བྱས་ནས། ནས་ཀྱི་བྱེད་ནུས་སྣ་མང་ལ་ཞིབ་འཇུག་གཏིང་ཟབ་དང་། ནས་ཀྱི་རིག་གནས་ནང་དོན་འདོན་སྤེལ་བྱེད་པ། ལས་སྣོན་ཞིབ་ཚགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་གསར་འབྱེད་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
《ལག་བསྟར་བསམ་འཆར》ནང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། ཕན་འབྲས་ཕྱོགས་སྟོན་དུ་འཛིན་པ། “བཀོལ་སྤྱོད་ཐུབ་པ་དང་གོ་ཆོད་པ་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཀྱི་ནས་ཀྱི་ཐོན་ལས་ཀྱི་འཕེལ་རྒྱས་དང་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་ལ་དམ་པོར་དམིགས་ནས། སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྣང་ཆེན་བྱེད་པ་དང་། ཞན་ཆ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱེད་པ། “ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། ཚད་ལྡན་ཅན་གྱི་ཚད་གཞིའི་མ་ལག་འཛུགས་པ། ལྗང་མདོག་སྐྱེ་ལྡན་ཐོན་སྐྱེད་ལག་ལེན་བསྟར་བ། གསར་སྤེལ་དང་བཀོལ་སྤྱོད་ཟབ་མོ་བྱེད་པ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ཁྲོམ་རའི་གཙོ་གཟུགས་སྟོབས་ཆེར་གཏོང་བ། ཞབས་ཞུའི་ལས་སྟེགས་རྩེ་གྲ་གཏོད་པ། འཁོར་རྒྱུག་མ་ལག་འཐུས་ཚང་འཛུགས་པ། མཚོ་སྔོན་གྱི་ནས་ཀྱི་སྤུས་རྟགས་སྐྱེད་སྲིང་བྱེད་པ། ཐོན་ལས་དབུལ་སྐྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་”བཅས་ཕྱོགས་བཅུའི་ཐད་ནས་མཚོ་སྔོན་ཞིང་ཆེན་གྱི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་སྲིད་ཇུས་ལག་བསྟར་བཏོན་པ་དང་ནས་ཀྱི་ཐོན་ལས་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་ལྡབ་གཅིག་འཕར་བའི་འཕེལ་རྒྱས་ཀྱི་དམིགས་ཡུལ་བཏོན་ཡོད།