འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་20ཉིན།

༄༅།།མཚོ་སྔོན་གྱི་སློབ་ཆུང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་ཚེས་25ཉིན་ནས་བཟུང་སྔ་རྗེས་སུ་སློབ་འགོ་འཛུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་20ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གྲྭའི་བདེ་འཇགས་ཀྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་ཆེན་ཡོངས་ཀྱི་སློབ་ཆུང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་རྩ་དོན་ཐོག་ཟླ་3ཚེས་25ཉིན་ནས་ཚེས་31ཉིན་བར་སྔ་རྗེས་སུ་སློབ་འགོ་འཛུགས་རྒྱུའི་སྤྱི་བསྒྲགས་སྤེལ་བ་རེད། 
    སྤྱི་བསྒྲགས་ནང་རིམ་ཁག་སློབ་གསོའི་སྡེ་ཚན་གྱིས་འབྲོག་ཁུལ་དང་། ཞིང་ཁུལ། གྲོང་ཁུལ་བཅས་ཀྱི་གོ་རིམ་ལ་གཞིགས་ནས་ཁུལ་དབྱེ་རིམ་དབྱེ་དང་། དུས་ཚོད་དང་དུས་མཚམས་དབྱེ་སྟེ་སློབ་འགོ་འཛུགས་དགོས། དེ་དང་དུས་མཚུངས“སློབ་གྲྭ་རེར་ཐབས་ཇུས་རེའི”བླང་བྱར་ནན་པོ་གཞིགས་ཏེ་མཐོ་སློབ(མཐོ་སློབ་ལས་རིགས་སློབ་གྲྭ)ཀྱི་སློབ་འགོ་འཛུགས་པའི་ལས་དོན་ལ་དུས་འགོའི་བརྟག་ཞིབ་དང་དཔྱད་དཔོག་བྱས་ནས། མཐུན་རྐྱེན་འཛོམས་པ་དང་དུས་ལ་བབ་ཚེ་རྒྱུན་གཏན་བཞིན་སློབ་འགོ་བཙུགས་ནས་སློབ་ཚན་འཁྲིད་དགོས་ཞེས་འཁོད་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱི་མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་ཟླ་3ཚེས་9ཉིན་ནས་ཚེས་13ཉིན་བར་སྔ་རྗེས་སུ་སློབ་འགོ་ཚུགས་པ་དང་། དམའ་རིམ་སློབ་འབྲིང་ཟླ་3ཚེས་16ཉིན་ནས་ཚེས་20ཉིན་བར་སྔ་རྗེས་སུ་སློབ་འགོ་འཛུགས་རྒྱུ་རེད།