འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་20ཉིན།

༄༅།།ཡུན་ནན་བོད་རིགས་ས་ཁུལ་བདེ་ཆེན་དུ་ 2019ལོའི་ལོ་མཇུག་བར་དབུལ་པོ་ 72560ཉུང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་20ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཀྲུང་གོ་གསར་འགྱུར་ཁང་སེམས་ཀྱི་ཉི་ཟླ་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གསར་འགོད་པར་བདེ་ཆེན་ཀྲོའུ་དབུལ་སྒྲོལ་འགག་སྒྲོལ་གྱི“ཉིན་བརྒྱའི་སྤྱིའི་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི”བྱ་སྤྱོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོའི་ལོ་མཇུག་བར་ཀྲོའུ་ཡོངས་སུ་རིམ་རྩིས་བྱས་ན་དབུལ་པོ་72560ཉུང་དུ་ཕྱིན་ནས། དབུལ་པོ་ཐོན་ཚད་0.53%བར་ཆག་པ་དང་། ཀྲོའུ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་147ཚང་མ་དབུལ་གྲལ་ནས་ཕྱིར་འཐེན་གྱི་ཚད་གཞིར་སླེབས་པ་རེད།
    ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ནི་ཡུན་ནན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་དང་། རྒྱལ་ཁབ་ཀྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད། 2015ལོའི་ལོ་མཇུག་ཏུ་མི་འབོར་དབུལ་པོའི་གཞི་ཁྱོན་དུད་ཚང་19630དང་མི་73998ཡིན་པ་དང་། དབུལ་པོ་ཐོན་ཚད་24.95%ཟིན་ཡོད།
    བདེ་ཆེན་ཀྲོའུ་མི་དམངས་སྲིད་གཞུང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་ཀྲུའུ་རེན་ཧྲེ་ཁྲུན་ཏེས་ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཁྱོན་ཡོངས་ནས་རྒྱག་འགོ་ཚུགས་ཚུན་་བདེ་ཆེན་གྱི་ཞིང་འབྲོག་པའི་ཐོན་ལས་ལས་ཞུགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད།
    2019ལོའི་ལོ་མཇུག་བར་བདེ་ཆེན་ཀྲོའུ་ཡིས་རིམ་རྩིས་བྱས་ན་དབུལ་པོ་དུད་ཚང་19045དང་མི་72560ཉུང་དུ་བཏང་ནས། མི་འབོར་དབུལ་པོ་དུད་ཚང་508དང་མི་1579བར་ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་0.53%བར་ཆག་ཡོད། ཀྲོའུ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་147ཚང་མ་དབུལ་གྲལ་ནས་ཕྱིར་འཐེན་གྱི་ཚད་གཞིར་སླེབས་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བདེ་ཆེན་རྫོང་དུ་སྤུས་ཚད་མཐོ་བའི་དབུལ་སྒྲོལ་མངོན་འགྱུར་བྱུང་བ་དང་། འབའ་ལུང་རྫོང་མིག་སྔར་ཀྲོའུ་རིམ་པའི་ཞིབ་དཔྱད་ཐུབ་ནས། ཡུན་ནན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་ལ་ཞིང་ཆེན་རིམ་པའི་ཕྱོགས་གསུམ་པའི་ཆེད་དོན་དཔྱད་དཔོག་དཔྱད་ཞིབ་བྱ་རྒྱུར་རེ་ཞུ་ཕུལ་བ་རེད།
    ཧྲེ་ཁྲུན་ཏེས་བརྗོད་དོན། 2015ལོ་ནས་2018ལོ་བར་ཀྲོའུ་ཡོངས་སུ་རིམ་རྩིས་བྱས་ན་རིགས་ཁག་གི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་70ཙམ་བཏང་ཡོད། 2018ལོར་ཤིན་ཏུ་དབུལ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་མཛོད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་24.34བཏང་ཟིན་པ་དང་། 2019ལོར་མ་དངུལ་སྒོར་དུང་ཕྱུར་26.07བཏང་ཟིན་ནས། དབུལ་སྒྲོལ་རྣམ་གྲངས་ཀྱི་དགོས་མཁོ་འགན་ལེན་ནུས་ལྡན་བྱས་པ་རེད།