འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་19ཉིན།

༄༅།།མཚོ་སྔོན་གྱི་ཝུའུ་ཧན་དུ་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་གཉིས་པ་རྒྱལ་ཁའི་ངང་ཕྱིར་ལོག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་19ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་གྱི་ཝུའུ་ཧན་དུ་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་གཉིས་པ་རྒྱལ་ཁའི་ངང་ཕྱིར་ལོག
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན་གྱི་ཕྱི་དྲོར། “ཆེས་མཛེས་པའི་ལྡོག་སྐྱོད་པ”སྟེ་མཚོ་སྔོན་གྱི་ཝུའུ་ཧན་ལ་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་ཁག་གཉིས་པ་རྒྱལ་ཁའི་ངང་ཕྱིར་ལོག་པ་རེད། 
    ཤེས་རྟོགས་བྱུང་བར་གཞིགས་ན། ཝུའུ་ཧན་ལ་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་ཁག་གཉིས་པའི་སྨན་བཅོས་མི་སྣ་102ནི་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་མི་དམངས་སྨན་ཁང་གཉིས་པ་སོགས་གྲོང་ཁྱེར་དང་རྫོང་ཆུས་ཀྱི་སྨན་ཁང་དང་། མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་རྫོང་ཆུས་བཅས་ཀྱི་སྨན་ཁང་ནས་ཡིན། སྨན་བཅོས་རུ་ཁག་འདི་ནི་ཟླ་2ཚེས་4ཉིན་བསྐྱོད་པ་དང་། ཝུའུ་ཁྲང་སྒྲོམ་ཚང་སྨན་ཁང་དུ་ཉིན་40ལྷག་གི་རིང་ལ་རོགས་སྐྱོར་བྱས་པ་དང་། རུ་མི་ཚོས་རིམ་བརྩིས་བྱས་ན་སྨན་ཁང་དུ་བསྡད་པའི་ནད་པ་328ལ་ནད་སྐྱོང་བྱས་པ་དང་། དེའི་ཁྲོད་དུ་བསྡོམས་པས་མི་246སྨན་ཁང་ནས་བུད་པ་རེད། 
    “ཝུའུ་ཧན་དུ་བསྡད་པའི་རིང་ལ། ང་ཚོས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཏང་ཨུ་སྲིད་གཞུང་གིས་བཀོད་སྒྲིག་ལ་མཐའ་གཅིག་ཏུ་ཉན་ནས། ནད་པ་ནི་རང་ཉིད་ཀྱི་གཉེན་ཉེ་ལ་སེམས་ཤིང་། སྡོད་ཡུལ་ནི་རང་ཉིད་ཀྱི་ཕ་ཡུལ་ལ་བརྩིས་ནས། བློ་སེམས་རྩེ་གཅིག་གིས་ཝུའུ་ཧན་རིམས་འགོག་གི་མདུན་སར་བསྐྱོད་པ་ཡིན”ཞེས་མཚོ་སྔོན་ཞིང་ཆེན་ཧུའུ་པེར་རོགས་སྐྱོར་དུ་བསྐྱོད་པའི་ནད་སྐྱོང་སྨན་བཅོས་རུ་ཁག་སྣེ་ཁྲིད་མཁན་ཝང་ལི་ཅན་གྱིས་བཤད། ཝང་ལི་ཅན་གྱི་ངོ་སྤྲོད་བྱས་དོན། སྨན་བཅོས་རུ་ཁག་ནི་ཟླ་2ཚེས་5ཉིན་ཝུའུ་ཁྲང་སྒྲོམ་ཚང་སྨན་ཁང་དུ་བསྐྱོད་པ་དང་། ཟླ་3ཚེས་10ཉིན་བར་ནད་བཅོས་འོས་འགན་མཇུག་སྒྲིལ་ནས་སྒྲོམ་ཚང་ནས་ཐོན་པ་དང་། སྨན་བཅོས་བྱེད་པའི་ནད་པ་གཅིག་ཀྱང་མི་ཤི་བ་དང་རུ་ཁག་ཡོངས་ཀྱི་རུ་མི་གཅིག་ལའང་ནད་མི་འགོས་པའི་དམིགས་ཡུལ་མངོན་འགྱུར་བྱུང་བས། བདེ་བླག་ངང་སྨན་བཅོས་དང་ནད་སྐྱོང་གི་འོས་འགན་ལེགས་འགྲུབ་བྱུང་ཞིང་། ཧུའུ་པེ་སྲུང་སྐྱོང་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོང་དམག་འཐབ་ལ་ལེགས་སྐྱེས་ངེས་ཅན་ཕུལ་ཡོད།  
    ཉེ་སྔོན། རྒྱལ་ཁ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་བྱ་དགའ་སྤྲོད་པའི་གྲོས་ཆོད་ཁྲོད་དུ། སྨན་བཅོས་རུ་ཁག་འདི་ལ་“རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་མ་ལག་ཏོག་གསར་གློ་ཚད་རིམས་ནད་ཚོད་འཛིན་ལས་དོན་སྔོན་ཐོན་པའི་ཚོགས་པ”ཞེས་པའི་མཚན་སྙན་ཐོབ་ཡོད།  
【1】  【2】  【3】  【4】  【5】
༄༅།།མཚོ་སྔོན་གྱི་ཝུའུ་ཧན་དུ་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་གཉིས་པ་རྒྱལ་ཁའི་ངང་ཕྱིར་ལོག