འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་19ཉིན།

༄༅།།བདེ་ཆེན་གྱི་མཐའ་མའི་ཉེ་བཅར་མཁན་གསོ་རིག་ལྟ་ཞིབ་ལས་གྲོལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་19ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་17ཉིན་ཡུན་ནན་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་འགོག་ལས་དོན་འགོ་ཁྲིད་ཚོ་ཆུང་མཛུན་སྟོན་པུའུ་ནས་ཤེས་རྟོགས་བྱུང་གསལ། ཉིན་དེར། བདེ་ཆེན་གྱི་ཆེས་མཐའ་མའི་ཏོག་གསར་གློ་ཚད་ནད་པ་དང་ཉེ་བཅར་མཁན་ལ་གསོ་རིག་ལྟ་ཞིབ་མེད་པར་བཟོས་པ་དང་། ཁུལ་ཡོངས་སུ་དོགས་ཡོད་ནད་དཔེ་དང་གཏན་འཁེལ་བྱས་པའི་ནད་དཔེ་མེད་པར་གྱུར།
    བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་10གྲས་ཤིག་ཡིན་ཞིང་། ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་། ཚེས་17ཉིན་གྱི་ཆུ་ཚོད་12བར། ཁུལ་ཡོངས་སུ་དོགས་ཡོད་ནད་དཔེ་དང་གཏན་འཁེལ་བྱས་པའི་ནད་དཔེ་མེད་པ་དང་། ཁུལ་ཡོངས་སུ་རིམ་བརྩིས་བྱས་ནས་ཉེ་བཅར་མཁན་47ལ་གསོ་རིག་ལྟ་ཞིབ་མེད་པར་བཟོས་ཤིང་། དེ་རིང་མི་1ལ་གསོ་རིག་ལྟ་ཞིབ་མེད་པར་བཟོས་ཤིང་། རིམ་བརྩིས་བྱས་ནས་མི་47ལ་གསོ་རིག་ལྟ་ཞིབ་མེད་པར་བཟོས་ཡོད།