མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་18ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་3ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་དང་གྲོས་མོལ་གནང་བ་རེད།

ཟླ་3ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་དང་གྲོས་མོལ་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་དང་གྲོས་མོལ་གནང་བ་རེད། 
     ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཐའ་མའི་རྒྱལ་ཁ་ལེན་ཆེད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད། རིམས་ནད་ཐོག་མར་ཐོན་སྐབས་སྐུ་ཞབས་ཙུང་ཐུང་གིས་འཕྲལ་མར་ང་ལ་འཕྲིན་ཡིག་སྤྲིངས་ནས་འཚམས་འདྲི་གནང་བ་དང་། ད་ཐེངས་ཆེད་མངགས་ཀྲུང་གོར་འཚམས་འདྲིར་ཕེབས་ནས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་གནང་ལུགས་མཚོན་ཡོད་པ་རེད། ཕ་ཁི་སི་ཐན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་རང་གི་ཡོད་ཚད་ཕུལ་ནས་ཀྲུང་གོ་ཕྱོགས་ལ་རིམས་འགོག་དངོས་རྫས་ཞལ་འདེབས་ཕུལ་བས་ཀྲུང་གོ་ཕྱོགས་ཀྱིས་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་པོ་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་ངོ་མ་དང་སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླ་བཟང་པོ་ཡིན་པ་སླར་ཡང་དོན་དངོས་ཐོག་ནས་ར་སྤྲོད་བྱས་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་དམིགས་བསལ་མཛའ་བཤེས་ནི་ལོ་རྒྱུས་ཀྱི་གདམ་ག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་སུ་རྩ་བ་ཟབ་མོ་ཚུགས་ཡོད་ཅེས་ནན་བཤད་གནང་བ་རེད། 
     ཞི་ཅིན་ཕིང་གིས་མིག་སྔར་རིམས་ནད་གོ་ལ་ཧྲིལ་པོའི་ས་གནས་མང་པོར་ཐོན་བཞིན་ཡོད། རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་རིམས་ནད་འགོག་རྒོལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བཅས་ཀྱི་རྣམ་འགྱུར་ཐོག་ནས་རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་སྔོན་འགོག་ཚོད་འཛིན་དང་ནད་བརྟག་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཁྱབ་ཁོངས་ནང་རིམས་ནད་མཆེད་རྒྱུ་སྔོན་འགོག་བྱ་ཆེད་ལེགས་སྐྱེས་དེ་བས་མང་བ་ཕུལ་ནས་ཕ་ཁི་སི་ཐན་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཟླ་3ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་དང་གྲོས་མོལ་གནང་བ་རེད།
ཟླ་3ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་དང་གྲོས་མོལ་གནང་བ་རེད།

  
style="display:none;"