མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ཏེ་ཧུའུ་པེར་རོགས་སྐྱོར་བྱེད་མཁན་པེ་ཅིང་སློབ་ཆེན་གྱི་ སྨན་བཅོས་རུ་ཁག་གི
“དགུ་བཅུའི་ནང་སྐྱེས”ཀྱི་ཏང་ཡོན་ཚང་མར་སྐུལ་ལྕག་གནང་བ། ལང་ཚོའི་མཚར་སྡུག་གི་
མེ་ཏོག་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་སུ་བཞད་པར་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་18ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     འཕྲིན་ལན།
     ཧུའུ་པེར་རོགས་སྐྱོར་བྱེད་མཁན་པེ་ཅིང་སློབ་ཆེན་གྱི་སྨན་བཅོས་རུ་ཁག་གི“དགུ་བཅུའི་ནང་སྐྱེས”ཀྱི་ཏང་ཡོན་ཚོ།
     ཁྱེད་ཚོའི་འཕྲིན་ཡིག་འབྱོར་བྱུང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་བྱེད་རིང་། ཁྱེད་ཚོ་གཞོན་ནུ་ཚོས་འཐབ་ས་དང་པོར་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་སྣ་དང་མཉམ་དུ་དཀའ་ཉེན་ལ་མི་སྐྲག་པ་དང་། མདུན་དུ་གདོང་མཆོང་ཕོད་པ། རང་སྲོག་བློས་གཏོང་བཅས་བྱས་པ་ལས་ལང་ཚོའི་སྐྱེ་སྟོབས་མཚོན་པ་དང་ཚད་ལོན་པའི་རྒྱུགས་ལན་ཞིག་ཕུལ་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་བྱ་སྤྱོད་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ནི་ཧ་ཅང་འཇོན་པོ་དང་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་ཐུབ་མཁན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ངས་ཁྱེད་ཚོ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་གང་སར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་གཞོན་ནུ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
     གཞོན་རབས་ཚོར་ཕུགས་བསམ་དང་། འཇོན་ཐང་། ལས་འགན་སྒྲུབ་སེམས་བཅས་ལྡན་ན་རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ལྡན་ཡོད། ཁྱེད་ཚོས་མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་བའི་ཁྲོད་འཚར་ལོངས་ཡོང་བ་དང་། དཀའ་སྤྱད་འབད་འཐབ་ཁྲོད་བློ་སྟོབས་དང་གཤིས་རྒྱུད་ལ་ཞུན་བརྡར། ལག་ལེན་ཁྲོད་ལས་ཀའི་འཇོན་ཐང་འཕེལ་བའི་འབད་བརྩོན་བྱས་ནས། མུ་མཐུད་ནད་བཅོས་སྲོག་སྐྱོབ་ཀྱི་ལས་གནས་ཐོག་འབད་འབུངས་དང་འབད་འཐབ་བཅས་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ཚོའི་སྣེ་ཁྲིད་ནས་དཀའ་སྡུག་ལ་མི་སྐྲག་པ་དང་འགན་འཁྲི་ལྕི་པོ་ཁུར་ཕོད་པ་བྱས་ནས་ལང་ཚོའི་མཚར་སྡུག་གི་མེ་ཏོག་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་སུ་བཞད་པར་བྱེད་དགོས།
     ཞི་ཅིན་ཕིང་།
     2020ལོའི་ཟླ་3ཚེས་15ཉིན།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་3ཚེས་15ཉིན་ཧུའུ་པེར་རོགས་སྐྱོར་བྱེད་མཁན་པེ་ཅིང་སློབ་ཆེན་གྱི་སྨན་བཅོས་རུ་ཁག་གི“དགུ་བཅུའི་ནང་སྐྱེས”ཀྱི་ཏང་ཡོན་ཚང་མར་འཕྲིན་ལན་སྤྲིངས་ཏེ་ཁོང་ཚོ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་གཞོན་ནུ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་བྱེད་རིང་། ཁྱེད་ཚོ་གཞོན་ནུ་ཚོས་འཐབ་ས་དང་པོར་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་སྣ་དང་མཉམ་དུ་དཀའ་ཉེན་ལ་མི་སྐྲག་པ་དང་། མདུན་དུ་གདོང་མཆོང་ཕོད་པ། རང་སྲོག་བློས་གཏོང་བཅས་བྱས་པ་ལས་ལང་ཚོའི་སྐྱེ་སྟོབས་མཚོན་པ་དང་ཚད་ལོན་པའི་རྒྱུགས་ལན་ཞིག་ཕུལ་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་བྱ་སྤྱོད་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ནི་ཧ་ཅང་འཇོན་པོ་དང་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་ཐུབ་མཁན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་གཞོན་རབས་ཚོར་ཕུགས་བསམ་དང་། འཇོན་ཐང་། ལས་འགན་སྒྲུབ་སེམས་བཅས་ལྡན་ན་རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ལྡན་ཡོད། ཁྱེད་ཚོ་མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་བའི་ཁྲོད་འཚར་ལོངས་ཡོང་བ་དང་། དཀའ་སྤྱད་འབད་འཐབ་ཁྲོད་བློ་སྟོབས་དང་གཤིས་རྒྱུད་ལ་ཞུན་བརྡར། ལག་ལེན་ཁྲོད་ལས་ཀའི་འཇོན་ཐང་འཕེལ་བ། མུ་མཐུད་ནད་བཅོས་སྲོག་སྐྱོབ་ཀྱི་ལས་གནས་ཐོག་འབད་འབུངས་དང་འབད་འཐབ་བཅས་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ཚོའི་སྣེ་ཁྲིད་ནས་དཀའ་སྡུག་ལ་མི་སྐྲག་པ་དང་འགན་འཁྲི་ལྕི་པོ་ཁུར་ཕོད་པ་བྱས་ནས་ལང་ཚོའི་མཚར་སྡུག་གི་མེ་ཏོག་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་སུ་བཞད་པར་བྱེད་དགོས་ཞེས་གསུངས་པ་རེད།
     ད་རེས་ཀྱི་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ཁྲོད“དགུ་བཅུའི་ནང་སྐྱེས”ཚོས་མཚོན་བྱེད་དུ་བྱས་པའི་གཞོན་རབས་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་གདོང་མཆོང་དང་། འགན་འཁྲི་འཁུར་བ་དང་ལེགས་སྐྱེས་ཕུལ་ཏེ་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད། ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣ་ཁྲི་4.2ལྷག་ཙམ་གྱི་ཁྲོད“དགུ་བཅུའི་ནང་སྐྱེས”ཁྲི་1.2ཡོད་པ་དང་དེའི་ནང་ནས་མང་པོ་ཞིག་ནི“གོ་ལྔའི་ནང་སྐྱེས”དང་ཐ་ན“ཉིས་སྟོང་ནང་སྐྱེས”ཤ་སྟག་ཡིན་པ་རེད། ཉེ་ཆར་ཧུའུ་པེར་རོགས་སྐྱོར་བྱེད་མཁན་པེ་ཅིང་སློབ་ཆེན་སྨན་བཅོས་རུ་ཁག་གི“དགུ་བཅུའི་ནང་སྐྱེས”ཀྱི་ཏང་ཡོན་34ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་རིམས་འགོག་གི་འཐབ་ས་དང་པོར་ཚེ་སྲོག་མྱུར་སྐྱོབ་བྱས་ཚུལ་སྙན་སེང་ཞུས་ནས་མུ་མཐུད་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།

  
style="display:none;"