མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་
ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་18ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཕེབས་པ་རེད།
     ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་ནན་ཏན་བསྟར་ཏེ་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། རིམས་ནད་གྱི་འགྱུར་ལྡོག་གསར་ཤོས་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་བྱེད་དགོས་པ་དང་། རིམས་ནད་མངའ་ཁོངས་ཕྱི་ནས་འགོ་བ་དང་ནང་ནས་མཆེད་རྒྱུར་འགོག་ཟོན་གནད་སྨིན་བྱེད་དགོས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྗེས་མཐུད་ལས་དོན་ཡག་པོ་སྒྲུབ་དགོས་པ། ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་དེ་བཞིན་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
     ཚོགས་འདུའི་ཐོག མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་རིམས་ནད་ཁྱབ་མཆེད་ཀྱི་འཕེལ་ཕྱོགས་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་ཡོད། ཝུའུ་ཧན་དང་ཧུའུ་པེས་རིགས་གཅིག་མཁས་ཅན་དང་སྨན་བཅོས་ཐོན་ཁུངས་གཅིག་སྡུད་བྱས་ཏེ་ཉེན་ཚབས་ཆེ་བའི་ནད་པ་སྐྱོབ་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་འཆི་ཚད་དམའ་རུ་གཏོང་དགོས། ས་ཁུལ་གཞན་དག་གིས་ཐོན་སྲིད་པའི་ཁ་ཐོར་རམ་ཡང་ན་འདུ་འཛོམས་རང་བཞིན་གྱི་ནད་དཔེ་ཐོན་རྒྱུར་འགོག་ཟོན་བྱེད་དགོས། མིག་སྔར་མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེས་རིམས་ནད་མཇུག་འགྲིལ་བར་ངེས་གཏན་མེད་པ་བཟོ་ཡི་ཡོད་པས་རིམས་ནད་ཕྱི་ནས་འགོ་བ་དང་ནང་ནས་མཆེད་རྒྱུར་སྔོན་འགོག་ཚོད་འཛིན་གནད་སྨིན་བྱེད་དགོས། འབྲེལ་ཡོད་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་། འགག་སྒོ གནས་སྤོས་ཡུལ་མི། སློབ་གསོ་སོགས་དང་ཁ་གཏད་སྤེལ་རེས་དང་མཉམ་ལས་དང་དེ་བཞིན་བྱ་སྤྱོད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འགྲུལ་བཞུད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་ཐུན་མོང་ཐོག་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་དགོས། མི་སྒེར་དང་། ས་གནས། སྣེ་ལེན་བྱེད་མཁན། ཁྱིམ་ཚང་སོགས་ཀྱི་སྙན་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས། རྒྱལ་ནང་གི་གྲོང་མི་མངའ་ཁོངས་ཕྱི་རོལ་དུ་ཡུལ་སྐོར་ལ་སྐྱོད་སྐབས་འབྲེལ་ཡོད་དྲན་སྐུལ་ཡག་པོ་གཏོང་དགོས། སྨན་བཅོས་ཇུས་གཞི་དང་སྨན་རྫས་སོགས་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་བསྟན་པ་རེད།
     ཚོགས་འདུའི་ཐོག གཙོ་གནད་མི་ཚོགས་ལ་གཅེས་སེམས་རོགས་སྐྱོར་དང་། སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་སླར་གསོ། ཁྲོམ་རའི་བྱེད་པོར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རོགས་སོགས་ལ་དམིགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྗེས་མཐུད་ལས་དོན་རིགས་དབྱེ་དང་། ཞིབ་ཚགས། གོ་རིམ་ལྡན་པ་བཅས་ཀྱིས་ཡག་པོ་སྒྲུབ་དགོས། ཝུའུ་ཧན་དང་ཧུའུ་པེས་ཇུས་གཞི་ཞིབ་ཚགས་བཟོ་དགོས་པ་དང་། ས་ཁུལ་གཞན་དག་གིས་རྒྱལ་ཁབ་ཀྱིས་བཟོས་པའི་རྩ་དོན་གཞིར་བཟུང་འབྲེལ་ཡོད་ལས་དོན་བརྟན་པོའི་ངང་ཡག་པོ་སྒྲུབ་དགོས། ས་གནས་ཁག་གིས་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་། སྡེ་ཁུལ་གྱི་ལས་དོན་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། དང་བླངས་པ་སོགས་ལ་ཁ་གསབ་དུས་ཐོག་དང་གྲངས་ཚང་སྤྲོད་དགོས། ལས་མི་སྤྱོད་མཁན་ཚན་པས་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་སྒྲིག་བཀོད་གསར་སྐྲུན་དང་སྒྱུར་བཀོད་ལ་ཞུགས་པའི་ངལ་རྩོལ་བར་དུས་ཐོག་ཏུ་ཁས་ལེན་བཞིན་ངལ་རྩོལ་གླ་ཆ་སྤྲོད་པར་སྐུལ་འདེད་གཏོང་དགོས། ཆེད་མངགས་ཇུས་གཞི་བཟོས་ནས་ཧུའུ་པེ་དང་ཝུའུ་ཧན་དུ་ལུས་པའི་ས་ཆ་གཞན་དག་གི་མི་སྣ་དང་ས་ཆ་གཞན་དུ་ལུས་པའི་ཧུའུ་པེའི་མི་སྣ་ཕ་ཡུལ་དུ་ལོག་པར་སྒྲིག་འཛུགས་བྱེད་དགོས་ཞེས་བསྟན་པ་རེད།
     ཚོགས་འདུའི་ཐོག མིག་སྔར་ཞིང་ཆེན་མང་ཆེ་བས་རིམས་ནད་ཀྱི་འཕྲལ་སྡོམ་བརྡ་ལན་རིམ་པ་དམའ་རུ་བཏང་བས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་དགོས་པའི་བླང་བྱ་གཞིར་བཟུང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དེ་མཚུངས་ཀྱིས་ལེགས་སུ་གཏོང་བ་དང་། ས་ཁུལ་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་གནས་དང་གནས་དབར་སྐྱེལ་འདྲེན་སོགས་བརྒྱུད་ལས་མི་གང་མགྱོགས་ལས་གནས་སུ་ལོག་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

  
style="display:none;"