འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་18ཉིན།

༄༅༎ཧུའུ་པེའི་ཁྲིམས་ཁང་ལས་ཁུངས་ཀྱིས་བྱ་ཐབས་27བཏོན་ནས་ལས་འགོ་བསྐྱར་འཛུགས་དང་
ཐོན་སྐྱེད་སླར་གསོར་ཁྲིམས་ལྟར་འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་18ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་གློག་འཕྲིན་འབྱོར་གསལ། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་འཕྲད་སྲིད་པའི་བཅའ་ཁྲིམས་ཀྱི་གནད་དོན་ལ་དམིགས་ཏེ་ཧུའུ་པེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཉེ་དུས་ཆེད་མངགས《རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཁྲིམས་ལྟར་འགན་ལེན་བྱེད་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ཅིང་། བྱ་ཐབས་ཞིབ་ཕྲ་ཁག་27གསལ་པོ་བཟོས་ཏེ་ཁྲིམས་སྐྱོང་གི་ཞབས་འདེགས་དང་འགན་ལེན་གྱི་ལས་དོན་སྤྱི་འདོམས་ལེགས་པོ་བྱས་པ་རེད།
     བསམ་འཆར་ནང་ནན་བཤད་བྱས་དོན། རིམས་འགོག་སྒྲིག་ལམ་དང་། སྨན་བཅོས་སྒྲིག་ལམ། ཁྲོམ་རའི་སྒྲིག་ལམ། སྤྱི་ཚོགས་སྒྲིག་ལམ་སོགས་ཟང་ཟིང་བཟོ་བའི་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཕྱིར་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཞིབ་མཆན་འགོད་པའི་ལས་དོན་གྱི་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། སྲིད་འཛིན་ཁྲིམས་འཛིན་སྡེ་ཚན་གྱིས་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་བྱུང་བའི་སྲིད་འཛིན་གྲོས་མཐུན་གྱི་རྩོད་གཞིར་ཞིབ་བཤེར་ཐག་གཅོད་འོས་འཚམ་བྱེད་དགོས། ཀུན་སློང་བཟང་པོའི་ཡ་རབས་ཀྱི་འདུ་ཤེས་ལག་བསྟར་ཏན་ཏིག་དང་ལག་བསྟར་གྱི་ཚད་གཞིར་སྟངས་འཛིན་གནད་ཁེལ་བྱེད་དགོས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡུལ་མིའི་གཞི་རྩའི་འཚོ་བ་སྔོན་ལ་འགན་ལེན་བྱས་ཏེ། གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་སྒྲིག་བཀོད་རྒྱུ་ནོར་ཉམས་མེད་ཉར་སྲུང་གཟབ་ནན་བྱ་རྒྱུ་དང་། དམིགས་བསལ་གྱི་བྱེད་པོ་དང་འབྲེལ་བའི་ལག་བསྟར་གྱོད་གཞིར་སྐུལ་མ་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།