འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་17ཉིན།

༄༅།།ཡུན་ནན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གི་ཐིང་ཀྲང་གཞོན་པར་ཞིབ་བཤེར་བརྟག་དཔྱད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་17ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྒྲིག་ཨུད་ལྟ་སྐུལ་ཨུ་ལྷན་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཡུན་ནན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ཏང་ཙུའི་ཁོངས་མི། ཐིང་ཀྲང་གཞོན་པ་ལི་ལེན་ཅུའུ་ལ་སྒྲིག་འགལ་ཁྲིམས་འགལ་ནག་ཉེས་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
    ལི་ལེན་ཅུའུ་ཡི་ལོ་རྒྱུས་མདོར་བསྡུས།
   ལི་ལེན་ཅུའུ། སྐྱེས་པ། རྒྱ་རིགས། ཀུའེ་ཀྲོའུ་ཙུན་དབྱི་ཡི་མི་ཡིན། ཀྲུང་གུང་ཏང་ཡོན། ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་སྲིད་གྲོས་ཨུ་ཡོན་ཡིན། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གནས། 1962ལོའི་ཟླ་10པར་སྐྱེས། 1983ལོའི་ཟླ་8པར་ལས་ཀར་ཞུགས། 1993ལོའི་ཟླ་6པར་ཏང་ནང་ལ་ཞུགས། 1979ལོའི་ཟླ་9པ་ནས་1983ལོའི་ཟླ་8པའི་བར་ཁུན་རྨིན་བཟོ་རིག་སློབ་གླིང་གི་ས་གཤིས་ཚན་ཁག་ཁྱབ་བཤེར་དང་རྩད་ཞིབ་ཆེད་ལས་སུ་སློབ་སྦྱོང་བྱས། 1983ལོའི་ཟླ་8པ་ནས་1998ལོའི་ཟླ་5པའི་བར་ལྷོ་ནུབ་ས་གཤིས་རྩད་ཞིབ་ཅུས་ཀྱི་རུ་ཁག་305དང་རུ་ཁག་306དང་། ཅུས་ལས་ཁུངས་བཅས་སུ་ལས་ཀ་བྱས་པ་རེད། རུ་ཁག་ཆེ་བའི་སྤྱི་ཁྱབ་བཟོ་བཀོད་པ་དང་། གཏེར་རྫས་ཁྲུའུ་ཡི་ཁྲུའུ་ཀྲང་། ཅུས་ཀྲང་གི་ལས་རོགས་བཅས་ཀྱི་འགན་འཁུར་མྱོང་ཡོད། 1998ལོའི་ཟླ་5པ་ནས་2000ལོའི་ཟླ་4པའི་བར་ལྷོ་ནུབ་ས་གཤིས་རྩད་ཞིབ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་འཁུར། 2000ལོའི་ཟླ་4པ་ནས་2002ལོའི་ཟླ་6པའི་བར་ལྷོ་ནུབ་ས་གཤིས་རྩད་ཞིབ་ཅུས་ཀྱི་ཅུས་ཀྲང་གཞོན་པ། ལྷོ་ནུབ་མདོག་ལྡན་ས་གཤིས་རྩད་ཞིབ་ཁང་གི་ཡོན་ཀྲང་གི་འགན་འཁུར། 2002ལོའི་ཟླ་6པ་ནས་2018ལོའི་ཟླ་10པའི་བར་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིང་གི་ཏང་ཙུའུ་ཡི་ཁོངས་མི། ཐིང་ཀྲང་གཞོན་པའི་འགན་འཁུར། 2018ལོའི་ཟླ་10པ་ནས་ད་ལོའི་བར་འཕྲལ་སྡོམ་དོ་དམ་ཐིང་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པའི་འགན་འཁུར་བ་རེད།