འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་17ཉིན།

༄༅༎འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་གཞན་དུ་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་
བྱས་པའི་ནད་དཔེ་ཀྲུང་གོ་ལས་བརྒལ་ཡོད་ཅེས་བརྗོད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་17ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་3ཚེས་16ཉིན་པེར་ཀྲེམ་གྱི་པུ་རུ་སེར་དུ་པར་བླངས་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་སུའེ་ཙེར་གྱི་ཇེ་ནེ་ཝར་དྲ་ཐོག་གི་གསར་འགོད་པའི་ཚོགས་འདུར་ཞུགས་པའི་རྣམ་པ་ཡིན།
འདི་ནི་ཟླ་3ཚེས་16ཉིན་པེར་ཀྲེམ་གྱི་པུ་རུ་སེར་དུ་པར་བླངས་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་སུའེ་ཙེར་གྱི་ཇེ་ནེ་ཝར་དྲ་ཐོག་གི་གསར་འགོད་པའི་ཚོགས་འདུར་ཞུགས་པའི་རྣམ་པ་ཡིན། 
     མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་དེ་ཀྲུང་གོའི་གྲངས་གཞི་ལས་བརྒལ་ཡོད་ཅེས་བརྗོད། 
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཐ་ལི་ཁེ་ཡ་ཧྲ་ལེ་ཝུའེ་ཆིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་16ཉིན་གྱི་ཆུ་ཚོད་0བར(པེ་ཅིང་གི་དུས་ཚོད་ཚེས་16ཉིན་གྱི་ཆུ་ཚོད་7པ)གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་164837ཡོད་པའི་ནང་ཀྲུང་གོའི་ནད་དཔེ་81077དང་ཀྲུང་གོ་ཕུད་པའི་ནད་དཔེ་83760ཡོད་པ་ར་སྤྲོད་བྱས་པ་རེད། 
     མིག་སྔར། ཀྲུང་གོ་ཕུད་པའི་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱེད་གྲངས་མང་ཤོས་ནི་དབྱི་ཐ་ལི(ནད་དཔེ་24747)ཡིན་པ་དང་། དེ་ནས་དབྱི་རན་(ནད་དཔེ་13983)ཡིན། དེ་རྗེས་ཀྱི་ཁོ་ར་ཡ་ལྷོ་མ་དང་། སི་ཕེན། ཧྥ་རན་སེ། འཇར་མན། སུའེ་ཙེར་བཅས་ཀྱི་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་2000ནས་9000བར་ཡིན། 
      ཡོ་རོབ་རྒྱལ་ཁབ་མང་པོས་སྙན་ཞུ་བྱས་པའི་ཏོག་གསར་གློ་ཚད་གཏན་འཁེལ་བྱས་པའི་ནད་དཔེ་མུ་མཐུད་མང་དུ་ཕྱིན་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་13ཉིན་ཡོ་རོབ་ནི་ཏོག་གསར་གློ་ཚད་རིམས་ནད་ཀྱི“དར་ཁྱབ་ཆེན་པོའི”ལྟེ་གནས་སུ་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།