འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་16ཉིན།

༄༅།།བོད་ལྗོངས་ལྷ་རི་རྫོང་ཨ་གཡེར་ལ་རིར་ཁ་བ་བུ་ཡུག་ཁྲོད་ཀྱི་རོགས་སྐྱོབ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ལྷ་རི་རྫོང་ཨ་གཡེར་ལ་རིར་ཁ་བ་བུ་ཡུག་ཁྲོད་ཀྱི་རོགས་སྐྱོབ།
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གླིང་མཐིལ་ཤང་དུ་ཁ་བ་བུ་ཡུག་འཚུབ་པ་དང་། དྲོད་ཚད་ཆག་པའི་གནམ་གཤིས་ངན་པ་བསྟན་པས། ཤང་དེའི་ཉེ་འགྲམ་གྱི་ཨ་གཡེར་ལ་རིའི་ཐོག་གངས་གསོག་ཐེབས་ནས། རླངས་འཁོར་བཅུ་ལྷག་ལུས་ཡོད།
 གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། ནག་ཆུ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྷ་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་དགའ་བ་ཡིས་སྟབས་བདེའི་སྐུལ་སློང་བྱས་ནས་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ་ཛ་དྲག་གི་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཁག་བཙུགས་ནས་རོགས་སྐྱོབ་བྱས་པ་རེད།
    དཀའ་ངལ་གྱི་གནས་སུ་གྱར་བའི་རླངས་འཁོར་རིམ་བཞིན་དལ་གྱིས་ཡོང་བ་དང་། ཁ་ལོ་བ་ཚོས་ཐུགས་རྗེ་ཆེ་ཞུ་བའི་སྐད་སྒྲ་ཐོས་པས་རོགས་སྐྱོབ་ནང་ཞུགས་པའི་བློ་མཐུན་ཚོའི་ངལ་དུབ་ཀྱིས་ཁེངས་པའི་ངོ་གདོང་ནས་འཛུམ་མདངས་མངོན་པ་རེད།  
༄༅།།བོད་ལྗོངས་ལྷ་རི་རྫོང་ཨ་གཡེར་ལ་རིར་ཁ་བ་བུ་ཡུག་ཁྲོད་ཀྱི་རོགས་སྐྱོབ།
༄༅།།བོད་ལྗོངས་ལྷ་རི་རྫོང་ཨ་གཡེར་ལ་རིར་ཁ་བ་བུ་ཡུག་ཁྲོད་ཀྱི་རོགས་སྐྱོབ།